R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༩༡
[A:༤༩༡]གསར་བསྐྲུན་མཛད་པ་དང་། གཞི་ཐོག་ཕོ་བྲང་གི་གནས་བཅུ་ལྷ་ཁང་གི་ནུབ་ཟུར་ཁྱད་བྱང་མགོན་ཁང་ཡན་ཆད་ནས་ཤར་གྱི་ཟུར་བར་ལིང་བཅོས་སྐུ་དྲིན་སྐྱོང་བ་སོགས་རགས་ཙམ་དང་། བླ་བྲང་ཤར་དང་གྲྭ་ཤར་རྣམས་ཀྱི་མཐོང་པའི་གསེར་ཟངས་རྒྱལ་མཚན་སོགས་གསར་བསྐྲུན་རྒྱ་ཆེར་མཛད་པ་འདི་རྣམས་དང་ལྷ་ཆེན་སྤྲུལ་པའི་གནྡྷོ་ལ་ཆེན་པོའི་ཁྱམས་སྟོད་དུ་གོང་དུ་བཀོད་པ་བཞིན་གསེར་ཁྲི་ཆེན་མོའི་ལྟག་གི་རྒྱལ་བ་ཚེ་མཐའ་ཡས་དང་། དེའི་གཡས་གཡོན་དུ་རྣམ་པར་རྒྱལ་མ་དང་། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། གོང་དུ་སྨོས་པ་བཞིན་གང་གི་སྐུ་མཆེད་གཅུང་པོའི་ནང་རྟེན་བཅུ་གཅིག་ཞལ་རྣམས་ཀྱི་སྣང་བརྙན་རྣམས་གསེར་དངུལ་སྦྲགས་མ་ལས་གྲུབ་པ། རིན་ཆེན་དུ་མས་རྒྱན་སྤྲས་པ་འདི་རྣམས་དང་། གང་གི་གདུང་སྲས་བདེ་གཤེགས་མཐུ་སྟོབས་དཔལ་འབྱོར་གྱི་ནང་རྟེན་དངུལ་གྱི་གདུང་རྟེན་ཚ་གསེར་མ་རིན་ཆེན་དུ་མས་སྤྲས་པ་བཅས་གསར་བཞེངས་རྒྱུད་སྡེ་ནས་བཤད་པའི་གཟུངས་ཡོངས་རྫོགས་རབ་གནས་ཀྱིས་མཐའ་བརྒྱན་པ་བཅས་མཛད། རྒྱལ་ཆེན་ཐང་དུ་གྲགས་པ་འདི་ན་སྔོན་དུས་རྒྱལ་ཆེན་བཞི་གཡས་གཡོན་དུ་བྲིས་པ་ཡོད་ཀྱང་མི་སྲུན་པ་འགའ་ཞིག་གིས་ཉམས་ཆག་བཏང་བ་རྣམས་ས་ཆེན་ཀུན་བློའི་སྐུ་དུས་བཞི་ཆར་ཕྱོགས་བསྒྲིགས་ཀྱིས་བྱང་ལྡེབ་ཏུ་སྤོ་བར་མཛད་ཀྱང་། སྔར་གྱི་སྣང་ཚུལ་མངོན་དུ་གྱུར་པ་ཐུགས་ཀྱིས་མ་བཟོད་པར་ད་ལྟའི་རྒྱལ་ཆེན་བཞི་འབུར་སྐུ་འགྲོ་བའི་དོན་ལ་རིང་ཚུལ་བཞེངས་སྟབས་ཅན་ཐོག་སོ་གཉིས་ཙམ་འདི་རྣམས་གཟུངས་རྣམས་རྒྱུད་སྡེ་ནས་བཤད་པ་བཞིན་སྒྲུབ་པར་