R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༩༣
[A:༤༩༣]པ་འདིའང་གསར་ལྡེབ་མཛད་པ་སྔགས་འཆང་བླ་མ་རང་ཉིད་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་བསྐྲུན་པ་འདི་ལ་དགོས་པ་རྟེན་འབྲེལ་ལམ་ལ་ཉེ་བ་འདི་ལ་ཉེ་བར་མཁོ་བའི་ས་གསོགས་སྐབས་རྐྱེན་དབང་དུ་སྐྱེས་དར་མ་ཞིག་སོང་བའི་དུར་ས་འདྲེས་པས་དྲག་པོའི་གཞུང་ལས་གནས་ཁང་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཞེེས་པ་དེ་རང་བྱུང་བས་གཞལ་ཡས་ཁང་ངམ་ལྷ་ཁང་གི་སྟེང་གི་ཆར་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཀུན་དགའ་བློ་གྲོས། འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་མའི་བླ་མ་བརྒྱུད་པའི་སྣང་བརྙན་རྣམས་གཡས་གཡོན་དུ་བཞུགས་པའི་འོག་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྣང་བརྙན་འབུར་སྐུ་བཞུགས་པའི་མེ་རིས་ཀྱི་ལྡེབ་ཏུ། བདེ་ཀྱཻ་གསང་གསུམ་གུར་མགོན་ལྷ་བཅུ་གཉིས་བེག་རྩེ་ལྕམ་སྲིང་བཅས་བཞུགས་པ་དང་། དེ་འོག་འཆི་བདག་ལས་ཀྱི་གཤིན་རྗེ་ཡབ་ཡུམ་ལ་འཁོར་རྣམས་ཀྱིས་བསྐོར་བ་དང་། སྒོ་ལོགས་གཡས་ན་དུས་དགྲའི་དབང་པོ་མ་ཧེ་ཞལ་ཅན་བདག་ཆེན་དབང་གི་མཚན་འཆང་དྲག་ཆས་ཀྱི་རྣམ་པ་ལ་ཐུགས་སྲས་ཟུང་བཅས་འཁོར་ཚོགས་ཀྱིས་བསྐོར་བ་རྣམས་བཞུགས་པས་འབུར་སྐུ་ཐམས་ཅད་བདེ་བར་གཤེགས་པའི་རིང་བསྲེལ་གཙོ་བོར་གྱུར་པའི་རིང་བསྲེལ་རྣམ་བཞིས་ཕྱུར་བུར་བཀང་ཞིང་། ཁྱད་པར་རྡོ་རྗེ་འཇིགས་བྱེད་གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ལྕགས་ལས་གྲུབ་པའི་དྲག་རྡོར་འདོད་གསོལ་བཅས་བཞུགས་ཤིང་ལྡེབ་རིས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སོགས་ལྡེབ་བྲིས་ཀྱི་ཚོགས་ཀྱང་མང་བར་བཞུགས་པའི་སྟེང་གི་ཆ་ལ་ཞིང་ལྤགས་ཀྱི་བླ་བྲེ་མི་