R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༩༤
[A:༤༩༤]རོ་རེངས་པོ་མགོ་ལག་རྐང་པ་དོན་སྙིང་ནང་ཁྲོལ་གྱི་འཕན་ཛར་སོགས་ཀྱིས་བརྒྱན་པ་གནས་འདིར་བཞུགས་པ་ཙམ་གྱིས་སྐྱི་གཡའ་བར་བྱེད་པ་སྭཽ་མ་པུ་རིའམ་དུར་ཁྲོད་སོ་སའི་གླིང་དང་ནམ་ཡང་གཉིས་སུ་མེད་པའི་སྟེང་ན་རྔ་ཐུག་གི་ཚོགས་དང་། གསེར་གྱི་གཉྫི་ར། སྤེན་བད་ལ་གསེར་གྱི་མཎྜལ། བད་ཕུར་རེ་རེ་བཞིན་དྲིལ་བུ་སྐུལ་བྱེད་འཕན་དང་བཅས་པ་འདི་དག་རྗེ་བཙུན་ས་སྐྱ་པའི་བསྟན་ལ་འཁུ་བའི་དམ་སྲིའི་གཤེད་དུ་སྔར་མེད་གསར་བསྐྲུན་མཛད་པ་འདི་གང་ལ་བཏབ་པར་མཛད་པའི་ལོ་ཁམས་མི་གསལ་ཡང་སྦྱིན་བདག་བཞེངས་པའི་སྐབས་ན་ཐུགས་སྲས་ཟུང་བཅས་གསུངས་ལུགས་ལ་དཔག་ན་ཡབ་རྗེ་པདྨའི་མཚན་ཅན་དང་། ཕུན་ཕོ་ཀུན་རིན་པ་ཟུང་འཁྲུངས་ཟིན་ནས་བདེ་མཆོག་ཕོ་བྲང་གི་སྔོན་ཙམ་འབྲུག་སྦྲུལ་གང་རིགས་ཞིག་ལ་གསར་འདེབས་མཛད་པ་འདྲའོ། །གཞན་ཡང་ཁའུ་བྲག་རྫོང་གི་འདུ་ཁང་ངམ་དེང་སང་བླ་མ་ལྷ་ཁང་དུ་གྲགས་པ་རྨང་ནས་ཉམས་གསོ་གསར་བཞེངས་བཀོད་ལེགས་འདི་བཞིན་བསྐྲུན་ཏེ། རྟེན་འབུར་སྐུ་རྡོ་རིང་པས་བཞེངས་པ་ལམ་འབྲས་བརྒྱུད་པ། སྙིགས་དུས་བསྟན་པའི་ཉི་མ་སྔགས་འཆང་ཆེན་པོས་བཞེངས་པའི་ལམ་ཟབ་བརྒྱུད་པ་མི་ཚད་མ་སོགས་ལ་ཉམས་གསོ་གསེར་ཆབ་བསྐྱར་འབུལ་ན་བཟའ་གསར་སྒྲོན། ལྡེབ་བྲིས་རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་ཆེན་ཕྲེང་བ། བདེ་མཆོག་ཡུམ་བཀའ་བརྒྱུད་པ་གུར་ལྷ་བརྒྱད་སོགས་ལྡེབ་བྲིས་རྣམས་ཐང་ཀ་ལ་སྤོར་གནང་ས་རྒྱན་གནམ་རྒྱན་བཟང་གོས་འབའ་ཞིག་ཀ་འཕན་ཁྱད་དུ་འཕགས་པའི་ཚོགས་བཅས་བསྐྲུན་པ་འདི་ཡིན་ལགས། འདི་