R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༣
[A:༤༣]མཛད་པའི་བསྐང་བ་རྒྱས་བསྡུས་རྣམས་ཀྱི་ལུང་བཅས། བཟང་སྤྱོད་ནས་གསུངས་པའི་འོད་དཔག་མེད་ཀྱི་ཉལ་འཕོའི་སྒོམ་ལུང༌། ཨ་མེས་ཞབས་ཀྱི་ཡིག་སྟེང་ནས་བྱང་གཏེར་དུག་དབང་རྡོ་རྗེའི་ཕ་ལམ་གྱི་དབང་ལུང༌། གཏེར་སྟོན་རྒྱ་ཞང་ཁྲོམ་གྱི་གཏེར་མ་སྣུབ་ལུགས་བྱད་གྲོལ་རྒྱབ་རྟེན་ལུང་སྐོར་ལ་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་ཕྱག་ལེན་ལྟར་ཡི་དམ་ཀྱཻ་རྡོར། བདེ་མཆོག་ཆོས་སྲུང་གུར་ཞལ། དུར་བདག་དཀར་བདུད་ལྕམ་དྲལ། མཁའ་འགྲོ་སྤྱི་གཏོར་གཞི་བདག་གཏོར་མ། བཟླས་པའི་རིམ་པ། ཕྱི་ནང་མཆོད་ཕྲིན། འཕགས་པ་རིན་པོ་ཆེ་ནས་མཛད་པའི་སྤྱི་བཤགས་ཚིགས་ལྷུག་གི་མཐར་ཚིགས་བཅད་ཁ་དམར་དང༌། བསྟོད་པ་སངས་རྒྱས་བསྟན་སྲུང་མ་བསྡུས་པར་གྲགས་པ། གཏོར་རྫོང་ལྷའི་ཚོགས་རྣམས་མ། རྩ་རྒྱུད་བརྟག་གཉིས་ནས་བྱུང་བའི་རྡོ་རྗེའི་གླུ་མདོ་རྒྱུད་ནས་བྱུང་བའི་བཀྲ་ཤིས་སྨོན་ལམ། སྤྱི་སྐབས་ཕྲིན་བཅོལ་སྲིད་ཞིའི་དཔལ་འབྱོར་མ་རྣམས་ཡིག་རྙིང་མཇུག་ཆོག་གི་རྣམ་བཞག་བཅས། ཕྱོགས་གཅིག་ཏུ་བསྒྲིགས་པར་མཛད་པ་གཏོར་བསྔོ་ཆེན་མོར་གྲགས་པའི་ལུང༌། ཡང་དེས་མཛད་པའི་གཏོར་མ་བརྒྱ་རྩ་དང་ཕུར་པའི་གཏོར་བསྔོ་གཉིས་ཀྱི་ལུང༌། ཀུན་དགའ་བཀྲ་ཤིས་ཀྱི་འཁྲུངས་རབས་གསོལ་འདེབས། དེའི་སྐུ་བསྟོད་ཡིན་བཞིན་ནོར་བུ་སྤྱི་བཤགས་བླ་མ་དམ་པ་སོགས་ཀྱི་ལུང༌། ཡབ་རྗེ་བསོད་ནམས་རིན་ཆེན་ཞབས་བརྟན་རྒྱལ་ཀུན་མཁྱེན་བརྩེ་མ། བཅོ་བརྒྱད་མཁྱེན་བརྩེ་རབ་བརྟན་གྱི་གོང་མ་མཁྱེན་རབ་བྱམས་པའི་རྣམ་སྤྲུལ་དུ་ངོས་འཛིན་ཞབས་བརྟན་ཚེ་ཡི་དངོས་