R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༤
[A:༤༤]གྲུབ་མ། མེ་བྱ་ལོ་བསམ་ཡས་ཆོས་སྐྱོང་ཐོག་བབ་དུས་ཕུལ་བའི་དུས་གསུམ་རྒྱལ་བ་མ། ཡང་ཞལ་གཉིས་རྣམས་དང༌། འཇམ་མགོན་ཀུན་བློའི་ཞབས་བརྟན་མཛོད་པ་བཀའ་བཞི་པས་རྩོམ་པ་རྟེན་འབྲེལ་མ་འོངས་ལུང་བསྟན་འདྲ་ཞེས་མ་དང༌། ས་ཆེན་ཀུན་བློས་མཛད་པའི་ཡབ་རྒྱས་གསོལ་འདེབས་སྐྱབས་གནས་བསླུ་མེད་མ། རྗེ་བཙུན་གྲགས་རྒྱན་དང༌། བདག་ཉིད་ཆེན་མོ་བཟང་པོ་དཔལ་གཉིས་ལ་གདུང་རབས་མྱུར་བྱོན་གསོལ་འདེབས། སྒར་ཆེན་དང་སྐུ་འབྲིང་སྐུ་བསྟོད་འཇམ་མགོན་ཀུན་བློས་གདུང་རྒྱུད་དབང་གི་མཚན་ཅན་སྐུ་མཆེད་ཀྱི་ཞབས་བརྟན། སྤྱི་ཞབས་ཕན་བདེ་གངྒའི་ཆུ་རྒྱུན་བཀྲ་ཤིས་འགྱུར་མེད་གཡུང་དྲུང༌། དཔལ་ལྡན་རབ་དཀར་སོགས་ཀྱི་ལུང༌། སྔགས་འཆང་རྒྱ་གར་བའི་བསངས་ཡིག་ཆེན་མོ་ལ། འཕགས་པས་གསུངས་པར་གྲགས་པའི་དགྲ་ལྷ་དཔང་བསྟོད། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་སྡེ་བརྒྱད་ཆ་སྙོམས་ཞུ་ངག་མ། ཨ་མེས་ཞབས་ཀྱི་རྩི་དམར་དང་བསེ་ཁྲབ་ཀྱི་བསྐང་བ། ཀྱཻ་རྡོར་སྒྲུབ་ཐབས་མ་ནོར་དོན་ཚང༌། རི་ཁུད་སྤྲུལ་སྐུའི་བཞེད་སྐོང་བླ་མ་རྒྱང་འབོད། གུར་ལྕམ་དྲལ། ལས་མཁན་ཕོ་མོའི་འབོད་རྦད་བསད་གསུམ། སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་དཔང་གཟུགས་གུར་མགོན་ཕོ་ཉ་བསྐུལ་བ་དམ་པས་མཛད་པ། འཕགས་པས་མཛད་པའི་བདུད་རྩི་ལྔ་མཆོད། ཟོར་ལམ་དབྱེ་བ། གུར་ལྕམ་དྲལ་བསྐུལ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། ཆོས་