R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༩༨
[A:༤༩༨]རྣམས་སུ་སྤྲོ་ཁང་འགྲོགས་འགྲོས། ཕྱི་ཁུར་འགྲོགས་འགྲོས་གཟིམ་གུར་སོགས་དང་། ཕྱག་གཉེར་བན་ཚང་པ་སོགས་ཁོངས་སོ་སོའི་སྡོད་གུར་བཅས་སྒར་སྒྲིགས་ཀྱི་ཕེབས་སྲོལ་སྔ་ལམ་བཞིན་མཛད་ནས། བར་ལམ་ཨེ་ཝཾ་ཆོས་ལྡན་དུ་འཁྱུག་ཙམ་ཕེབས་པ། ཚོགས་ཆེན་ལ་གནས་བཅུའི་རྗེས་གནང་། ཐར་རྩེར་གུ་རུ་དྲག་དམར་གྱི་དབང་དང་། ཚེ་དབང་བྱད་གྲོལ་སོགས་མཛད་པ་སྤྱི་སྒེར་ནས་གསོལ་སྟོན་དངོས་འབུལ་སོགས་རྒྱ་ཆེ་བར་ཞུས་ཏེ། གཞིས་རྩེར་རྫོང་དཔོན་དང་། བཀྲས་ལྷུན་སོགས་ནས་ཕེབས་བསུ་ཐབ་བསུ་རྒྱས་པ་དང་བཅས་པན་ཆེན་རིན་པོ་ཆེ་བློ་བཟང་བསྟན་པའི་ཉི་མའི་མཇལ་ཕྱག་དང་ཕར་ཚུར་གནང་སྐྱེས་སོགས་སྔར་ལམ་ལྟར་མཛད་སྙམ་སེམས་ཞིང་། དེ་ནས་གདན་བཏེག་སྟེ་ཕེབས་ལམ་རོང་བརྒྱུད་ཕེབས་ཚོད་གྱི་བར་ལམ་ཞལ་མཇལ་ཞུ་བ། ཆོས་འབྲེལ་དབུལ་ཕོངས་རིགས་ལ་སྦྱིན་གཏོང་། དགོན་ཁག་རྣམས་ལ་མང་འགྱེད། གདུལ་བྱ་རྣམས་རེ་བ་སྐོང་བཞིན་པར་ལྷ་ལྡན་དང་ཉེ་བར་གོང་ས་མཆོག་ནས་མཚམས་ཞུ་མཇལ་དར། མཉེས་སྤྲོ་ལེ་ཚན་སོགས་ཐོག་མའི་གཟིགས་གསོལ་དང་། རང་རེ་ནས་འཚམས་འབུལ་བ་མངགས་ཤིང་། སྐྱེད་ཚལ་ཀླུ་ལྡིང་དུ་རྩེ་ཤོད་ཐབ་བསུ་གསོལ་སྟོན་དྲུང་རིགས་སེར་སྐྱ་སུམ་ཅུ་སྐོར་གྱི་ཕེབས་བསུ་བ་རྣམས་དང་བཅས་བཞུགས་མཚེར་ཡབ་གཞིས་ལྷ་ཀླུ་དགའ་ཚལ་དུ་གདན་ཆགས་ཏེ། རྩེ་ཤོད་རྣམས་ནས་ཇ་ཞུས་འཚམས་ཞུའི་མཇལ་དར་བཅས་ཕེབས་ཤིང་། དེ་ནས་མི་རིང་བར་རྩེ་དྲུང་འཛིན་གཉིས་པའི་ཞབས་གཡས་ཁང་དུ་མཇལ་ཕྱག་ཏུ་