R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༠༣
[A:༥༠༣]གཟུངས་རིང་བསྲེལ་རྣམ་བཞིས་གང་བུར་བཀང་པ་ལ་ཨོ་རྒྱན་གཉིས་པ་བདག་ཆེན་དེ་ཉིད་རང་གི་རབ་གནས་ཅན་ད་ལྟ་ལྷ་ཆེན་ཁྱམས་སྟོད་ཀྱི་གསེར་ཁྲི་ཆེན་མོའི་གཡས་གྲལ་ལ་བཞུགས་པ་འདི་བཞིན་གསར་བཞེངས་མཛད། དེ་སྐབས་ཙམ་ལ་གཞུང་བླ་བྲང་སོགས་སུའང་དབྱར་སྟོན་མཚམས་སུ་དྲང་སྲོང་རི་ཥི་འཆར་བ་དང་བསྟུན། ཆབ་བཞེས་སོགས་ལ་དམིགས་ནས་ནོར་བུ་གླིང་ཁ་དང་ཀུན་ཁྱབ་གླིང་ཞེས་སོགས་བྱུང་བ་དང་། དུས་མཚུངས་ཙམ་འདིར་ཡང་ཕུན་ཚོགས་བདེ་སྐྱིད་གླིང་ཁ་འདི་བཞིན་དབྱར་དུས་སྤྲོ་སང་གནང་ཡུལ་སོགས་ལ་དམིགས་ནས་ས་གཞུང་ནས་གསར་རྒྱག་བྱས་ཚོད་དང་། གཞུང་བླ་སོགས་སུའང་རྩེ་ཕྱག་དང་བྲལ་ཕྱག་བཞེས་པ་སོགས་བྱུང་བ་དང་བསྟུན། འདིར་ཡང་ཕྱག་རྫས་འགའ་ཞིག་ཟུར་དུ་བདག་ཚགས་མཛད་དེ། སྐུ་མདུན་གཟིམ་དཔོན་ནས་དོ་དམ་གྱིས་སྒྲུབ་མཆོད་ཁག་དང་གཏོར་བཟློག་རིགས། གཞུང་སྐྱོར་ཁག་སོགས་ལ་གཞུང་གཏོང་རྣམས་ཀྱི་སྐྱོར་གནོན་དུ་ཇ་ཐུག་གསོལ་ཕོར་སོགས་ཐོར་རེ་བ་དགོས་པ་འདི་རྣམས་དང་ཟུར་དུ་འཁྲུངས་སྟོན་ཆེན་མོ་དང་། སྟོན་དཔྱིད་ཆབ་ཚན་སྐབས་རྣམས་དང་། གཟིམ་ཆུང་ལྷོ་བྱང་གི་གཏོར་སྤོད་སྤྲེལ་ཟླའི་གུར་དྲག་སོགས་འཆར་འཕར་རྣམས་གཏོང་བར་རྩེ་གཟིམ་དཔོན་ཞེས་དོན་དུ་རྩེ་ཕྱག་མཛོད་ཞེས་པ་རྩིས་འཁྲིའི་དངོས་པོ་མ་རྩ་རུ་ཁག་སོགས་སྔོན་དུས་སྟོབས་ཆེན་ཡོད་ཚོད་དུ་འདུག་པ་དེ་རྣམས་ཐོག་མར་སྐུ་ཐོག་འདི་སྐབས་བྱུང་ཚོད་དང་། དེ་ནས་མེ་སྟག་ལོ་གསར་ནང་གདུང་སྲས་རྣམས་ཆེ་འདོན་མཛད་བཞེས་ཀྱི་སྔར་ལམ་