R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༠༤
[A:༥༠༤]གཞུང་ས་མཆོག་སོགས་སུ་སྙན་འབུལ་སོགས་མཛད་དེ། ཤིང་གླང་རྒྱལ་ཟླའི་མཇུག་མདོས་ཆེན་ཟབ་རེ་འཇམ་མགོན་ཀུན་བློས་དེབ་བཞིན་ལ། གྱོན་ཆས་ཉིན་ས་ཚོགས་སུ་འཆམ་སྐུ་དྲེགས་པ་ཟིལ་གནོན་ལྕམ་དྲལ་གདན་འདྲེན་གྱིས་དཔང་གཟུགས་སོགས་ལ་སྐུ་འཆམ་མཛད་རྒྱུན་འདི་བཞིན་སྐུ་ཐོག་འདིར་འཕར་དུ་བྱུང་འདྲ་སྙམ་ཞིང་། སྔ་དུས་དགུ་ཚན་བདུན་ལས་མེད་ཀྱང་དགུ་ཚན་གཉིས་སོགས་འཕར་པ་དང་བཅས་ཟབ་རྒྱས་མཛད་ཅིང་དངོས་གཞིར་ཆོས་ཁྲི་ཕེབས་ཚུལ་རྣམས་ཞིབ་པར་འོག་པདྨ་བདུད་འདུལ་དབང་ཕྱུག་གི་རྣམ་ཐར་སྐབས་སུ་བརྗོད་རྒྱུར་བྱས་ཏེ། མི་རིང་བར་ཡབ་རྗེ་དཔལ་ལྡན་ཆོས་སྐྱོང་ཉིད་སྲིད་སྐྱོང་དགོངས་ཞུ་མཛད་དེ་རིགས་སྲས་བགྲེས་པ་པདྨ་བདུད་འདུལ་དབང་ཕྱུག་མཐུ་སྟོབས་བསྟན་འཛིན་བཟང་པོ་ཉིད་བླ་ཆེན་འཕགས་པ་རིན་པོ་ཆེའི་བཞུགས་ཁྲིར་མངའ་གསོལ་ཏེ། ཡབ་རྗེ་རང་ཁྲི་ཟུར་མཛད་ནས་ཕུན་ཚོགས་བདེ་སྐྱིད་དང་གཞི་ཐོག་ཕུན་གླིང་སོགས་གང་མཉེས་སུ་བཞུགས་ཤིང་སྐབས་རེ་བྱས་འགྱུར་དང་ཁའུའི་བྲག་རྫོང་སོགས་སུ་བཅད་རྒྱ་སོགས་ལ་བཞུགས་སམ་སྙམ་པ་བཅས། ཐུགས་དམ་ཁོ་ནས་བསྟན་མཁས་ཀྱི་བགྱི་བ་སྤྱི་བྱེ་བྲག་གདན་ས་འདི་འཕེལ་རྒྱས་ཀྱི་ཐབས་ཚུལ་ཁོ་ན་ལ་ཐུགས་གཞོལ་ལམ་སྙམ་པ་ལས་ཞིབ་ཆ་ཟིན་བྲིས་སོགས་མ་མཆིས་པ་དང་། ཧམ་བཤར་བགྱིས་ཚེ་སྒྲོ་འདོགས་ཀྱི་མཐར་ལྷུང་དོགས་པས་རེ་ཞིག་དེ་ཙམ་ལ་བསྡུས་ནས་རྣམ་ཐར་ཞལ་གསུང་མའི་གོང་འཕྲོས་ལས། གཞན་ཡང་མི་བྱེད་དགུ་བྱེད་ཡོད་དོ་ཅོག།།རི་མོ་འདེབས་དགོས་བྱུང་ན་རི་མོ་མཁན། །སྐྱུགས་