[A:༤༥]སྐྱོང་སྤྱིའི་དྲག་བསྐུལ་སྔགས་འཆང་ཀུན་བཀྲས་ཀྱིས་མཛད་པ། འདོད་ཁམས་དབང་མོའི་དྲག་བསྐུལ་བདག་ཆེན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་དགོས་བསྐང་ལས་བྱུང་བ། ཞལ་དང་པུ་ཏྲའི་དྲག་བསྐུལ་བདག་ཆེན་རྒྱ་གར་བས་མཛད་པ། བསྐང་བ་ནག་པོ་མཆོད་རྟེན་འབྲིང་པོར་གྲགས་པ་དང༌། ཆོས་ཉིད་མ། ལྷ་ཞལ་པུ་ཏྲ་དཀར་བདུད་རྣམས་ཀྱི་དགོས་སྐོང་རྣམས་དམ་པ་ཀུན་གྲགས་བདག་ཆེན་བློ་གྲོས་རྒྱལ་མཚན། སྔགས་འཆང་རྒྱ་གར་བ་སོགས་ཀྱིས་མཛད་པ་དང༌། གཏུམ་ཆེན་མ་ས་ཆེན་སྐུ་དང་གསུང་ཐུགས་མ་མལ་ལོ་དང༌། དམག་ཟོར་མ་དང༌། དུར་བདག་བསྐང་བ། དཀར་བདུད་བསྐང་བ་བསྡུས་པ་རྣམས་ཨ་མེས་ཞབས་གདུང་རབས་མྱུར་བྱོན་བསྐང་ཕྲིན་ཀུན་བཀྲས་སོགས་ཀྱིས་མཛད་པ་དང༌། སྟོད་སྙིང་སྲི་མངོན་གང་གསུམ་སངས་རྒྱས་བསྟན་སྲུང་རྒྱས་པ་བསྟོད་གསར་མ་སྐྱེས་ཧཱུྃ་ཡིག་རྔམ་འབར་རྣམས་གདན་ས་འདི་ཉིད་ཀྱི་གསུངས་རྒྱུན་བཞིན་གྱི་ལུང༌། ལྷ་ཆེན་ཆོས་སྤྱོད་རབ་གསལ་ལྷ་པོད་ཤོག་བརྒྱ་དང་དགུ བྱམས་ཆོས་སྡེ་ལྔ། ས་སྐྱ་བཀའ་འབུམ་དཔེ་ཁང་ཕྱག་དཔེ་བྲིས་མ་པོད་གཉིས་བཅུ་དྲུག་པ་པོད་རྗེས་མའི་ནང་སྔགས་འཆང་གྲགས་བློའི་གསན་ཡིག་ཡོད་པའི་སྟེང་འཕགས་པོད་རྗེས་མའི་གནས་བསྟོད་ཡན་གསན་པ་བཅས། ཡབ་རྗེ་རྡོ་རྗེ་འཆང་ནས་གསན་པའི་སྐོར་དང༌། རྗེ་བཙུན་བསྐལ་བཟང་དབང་མོ་ཀུན་དགའ་བསྟན་པའི་ཉི་མའི་དྲུང་ནས་གསན་པའི་སྐོར་ལ། ཛཱེ་ཏ་རིའི་ལུགས་ཀྱི་ཚེ་དཔག་ལྷ་དགུའི་དབང་རྒྱུད་ཡབ་རྗེ་བཞིན། ནཱ་རོ་མཁའ་སྤྱོད་མའི་བྱིན་