R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༠༥
[A:༥༠༥]ལོག་སྒྱིད་སྐྱུར་སྣག་ཤོག་གཟོན་པ་ལས། །དགེ་མཚན་མེད་པས་མང་པོ་ཉུང་བསྡུས་ན། །གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་ཀྱཻ་རྡོར་གྱི། །རྒྱུད་དབང་ལ་སོགས་འཆད་པ་མང་དུ་བྱས། །ད་དུང་བྱེད་དང་བྱེད་ལུས་འདི་བཞིན་ལགས། །ཞེས་གསུངས་པ་ལྟར་དམ་པའི་ཡོན་ཏན་དྲུག་གམ་དགུ་ལས་། དང་པོ་ནི་འཆད་རྩོད་རྩོམ་གསུམ་ལས། དང་པོ་འཆད་པ་ནི། སྙིགས་དུས་ཀྱི་གདུལ་བྱ་རྣམས་དད་གུས་དང་བརྩོན་འགྲུས་ཞན་པས་དམ་ཚིག་སོགས་ཇི་བཞིན་སྲུང་སྡོམ་མི་ནུས་པ་ལ་དགོངས་ནས་དབང་ལུང་འཆད་སྤེལ་རྒྱ་ཆེར་མ་མཛད་མོད། འོན་ཀྱང་གདུང་སྲས་སྐུ་མཆེད་སོགས་སྐལ་ལྡན་གྱི་ཞལ་སློབ་རྣམས་ལ་གྲུབ་ཆེན་བརྒྱད་ཅུའི་བྱིན་རླབས་དགེས་རྡོར་རྒྱུ་ལམ་གྱི་དབང་། བདེ་མཆོག་ནག་པོ་ལུགས་གསང་འདུས་འཕགས་ལུགས་རྡོ་རྗེ་ཕུར་པའི་སྟོད་ལས་སྨད་ལས་ཀྱི་དབང་། འཇིགས་བྱེད་རྭ་ལུགས་བཅུ་གསུམ་པ་རྟ་མགྲིན་ཡང་གསང་ལྷ་དགུ་ཀུན་རིག་ཛེ་ཏ་རའི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུ་ཉང་གཏེར་གུར་དྲག་ན་རོ་མཁའ་སྤྱོད་མ་སོགས་ཀྱི་དབང་བྱིན་རླབས་ཐུབ་དབང་གནས་བཅུ་འཇམ་དབྱངས་སྨྲ་སེང་། འཇམ་དཀར། རྟ་མགྲིན་སྐྱེར་སྒང་། ཕྱག་རྡོར་གཏུམ་པོ། ཁྱུང་ཁྲ་ནག རྣམ་རྒྱལ། རྣམ་འཇོམས། རི་ཁྲོད་མ་སོགས་ཀྱི་རྗེས་གནང་། བྱད་གྲོལ་གསེར་སྡེ་སོགས་ཡང་ཡང་སྩལ་ཞིང་། སྨིན་གླིང་འདོད་འཇོའི་བུམ་བཟང་གི་དབང་ལུང་ཡོངས་རྫོགས་ལན་ཁ་ཤས་བསྩལ་ཚོད་བཅས་དང་། གཞན་དེ་སྐབས་སུ་ཟུར་ཆད་པ་ཞེས་ས་ཆེན་ཀུན་བློའི་སྐུ་དུས་སུ་རྒྱབ་འཆང་པ་དཔོན་སློབ་རིན་ཆེན་རྒྱལ་མཚན་དང་