R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༠༧
[A:༥༠༧]རྟེན་ཕྱག་མཆོད་ཀྱི་ཆོ་ག་རྒྱས་པ། ནཱ་རོ་མཁའ་སྤྱོད་ཀྱི་ཚོགས་མཆོད། དམ་ཚིག་རྡོ་རྗེའི་སྦྱིན་སྲེག། གུར་མགོན་ཁྲོ་བཅུ་དྲག་པོའི་སྦྱིན་སྲེག ཁྱུང་ཁྲའི་སྦྱིན་སྲེག་སོགས་བསྙེན་ཐབས་སྦྱིན་སྲེག་སྐོར་སོགས་དང་། རྡོ་རྗེ་ཕུར་པའི་རབ་གནས། གུར་མགོན་ཁྲོ་བཅུའི་ཞབས་ཀྱི་གཏོར་མདོས་ཟུང་འབྲེལ། གདུགས་དཀར་ཉེར་བདུན་མ། རྒྱལ་ཆེན་གཡུ་མདོས། དྲང་སྲོང་ལོག་ཏྲི་བཀའ་བརྒྱད་ཁྲོ་བོ་རོལ་པ། གཤིན་རྗེ་ཚེ་བདག རྩི་དམར་གཏོར་བཟློག་སོགས་མདོས་དང་གཏོར་བཟློག་རྣམས་ལ་རང་ལུགས་དབྱངས་རོལ་ཕྱག་ལེན་སོགས་སྦྱར་ཏེ་ནག་འགྲོས་སུ་མཛད་པ་སོགས་མང་བ་དམག་ཟོར་མའི་གཏོར་བཟློག་ཆོག་ཁྲིགས་སོགས་གཏོར་བཟློག་གི་སྐོར་དང་། འཁྲུངས་སྟོན་ཆེན་མོའི་ཐུག་ཆོག་ཆོག་ཁྲིགས་སོགས་རུ་མཚོན་འཛུགས་ཆོག་སྐོར་དང་རྒྱལ་དབང་མཆོག་གི་འཁྲུངས་ལྷ་རྣམས་ཀྱི་མཆོག་ཆོག་ཆོག་དགོན་ཁ་པ་ལྷས་ཀྱི་ས་གམ་པའི་མཆོད་ཆོག་ཟབ་ཕུའི་གནས་བདག་གདོལ་པའི་མཆོད་ཆོག་སྲུང་མ་རྡོ་རྗེ་བུ་ཁྲིད་ཀྱི་མཆོད་གསོལ་སོགས་གསོལ་མཆོད་ཀྱི་སྐོར་དང་། སྐེག་སྲི་ཟིལ་གནོན་དང་། གདུང་རབས་མྱུར་འབྱོན་གྱི་གསོལ་འདེབས་སོགས་དང་། བདག་བསྟོད་ཉམས་མགུར་གནས་བསྟོད་སོགས་མང་བ་རིལ་སྒྲུབ་ཕུར་སྒྲུབ་ལྷ་མཆོད་མགོན་མདོས། དུས་མཆོད་མདོ་སྡེ་ལྷ་མཆོད་ཟབ་མོ་སོགས་ཀྱི་ཕྱག་ལེན་ཇི་ལྟར་བྱ་ཚུལ་གྱི་དེབ་དང་། བན་ཚང་སྒེ་བསྐོས་ཕེབས་འགྲུལ་ཆེན་མོ་རྣམས་ཀྱི་བཅའ་ཡིག་ལ་སོགས་པ་དེབ་དང་བཅའ་ཡིག་དཔྱད་ཁྲའི་སྐོར་ལ་སོགས་པ་ཕྱིས་བྱོན་གདུང་བརྒྱུད་རྣམས་དང་ཆོས་བརྒྱུད་འཛིན་པ་རྣམས་ལ་