R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༠༨
[A:༥༠༨]མཁོ་བའི་ལེགས་བཤད་ཀྱི་ཚོགས་ཀྱང་མང་དུ་སྣང་བ་པོད་ཆེན་བདུན་ཙམ་ལོང་ཚོད་བཅས་དང་། ཡང་རྣམ་ཐར་རྩ་ཚིག་གོང་འཕྲོས་ལས། རྩ་རྒྱུད་བརྟག་གཉིས་ལ་སོགས་བཤད་སྒྲུབ་ཀྱི། །དམ་ཆོས་ཀུན་ལ་བསླབ་སྦྱངས་མང་དུ་བྱས། །ད་དུང་མ་ཤི་བར་དུ་བསླབ་སྦྱང་འདོད། །ཞེས་གསུངས་པ་ལྟར་དམ་པའི་ཡོན་ཏན་གསུམ་ཚན་གཉིས་པ་ཐོས་བསམ་སྒོམ་གསུམ་ལས། དང་པོ་གཉིས་ནི་གོང་དུ་བརྗོད་པ་ལྟར། །ཕར་ཚད་འདུལ་མངོན་དབུ་མ་སྡོམ་གསུམ་སྟེ། །པོད་ཆེན་དྲུག་ཏུ་ས་སྐྱ་པ་རྣམས་བཞེད། །དྲུག་པོ་འདི་ལ་དེང་སང་འཆད་ཉན་དར། །ཞེས་གསུངས་པ་རྣམས་ཀྱི་རྒྱུགས་འབུལ་དང་། དབྱར་དགུན་ཆོས་ཐོག་རྣམས་ལ་གསུང་བཤད་ཀྱང་མང་དུ་མཛད་པ་སོགས་མདོ་ཕྱོགས་མཚན་ཉིད་སྐོར་དང་། སྔགས་ཕྱོགས་ལ་ཡང་ལམ་འབྲས་ཚོགས་སློབ་གཉིས་ལ་སོགས་པ། གྲུབ་མཐའ་རིས་མེད་ཀྱི་བླ་མ་རྣམས་ལས་གསན་བསམ་མཛད་ཚུལ་གོང་དུ་སྨོས་པ་བཞིན་དང་། དགེས་རྡོར་རྩ་རྒྱུད་བརྟག་གཉིས། བདེ་ཀྱཻ་གསང་གསུམ། ནཱ་རོ་མཁའ་སྤྱོད་བདག་མེད་མ། ཀུན་རིག ཆོས་སྤྱོད་རིགས། རྡོ་རྗེའི་ཆོས་སྐྱོང་གཏོར་བསྔོ། བསྐང་བའི་རིགས་དང་། རྡོ་རྗེ་ཕུར་པ་གུར་ཞལ་རྣམས་ཀྱི་གཏོར་བཟློག་རྒྱུགས་འབུལ་མཐར་ཕྱིན་པ་མཛད་པར་མ་ཟད་དེ་རྣམས་ཀྱི་གཞུང་དང་། བཤད་ཁུངས་དམིགས་རིམ་ཕྲ་མོ་ཡན་ཆད་ཐུགས་སུ་ཆུད་པར་མཛད་པ་དང་། ཡང་རྣམ་ཐར་ཚིགས་བཅད་གོང་འཕྲོས་ལས། ཀྱཻ་རྡོར་བདེ་མཆོག་ལ་སོགས་ཞི་ཁྲོའི་ལྷ། །བསྒོམ་བཟླས་དུས་གྲངས་བསྙེན་པ་མང་དུ་བྱས། །ད་དུང་ཚེ་དང་སྒྲུབ་པ་མཉམ་པར་