R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༠༦
[A:༥༠༦]སྐུ་ཐོག་འདི་སྐབས་སུ་བལ་སྤེལ་ཁང་གསར་བ་དཔོན་སློབ་ཀུན་བཀྲས་ཞེས་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་དེ་ཉིད་དང་། གཞན་ཡང་དེ་སྐབས་རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ་དང་། སྒོ་སྤེལ་མཁན་ཟུར་ཀུན་དགའ་རབ་རྒྱས། དགའ་ལྡན་དཔོན་སློབ་བྱམས་པ་བསྟན་པའི་རྒྱལ་མཚན་སོགས་ས་ཆེན་ཀུན་བློའི་དངོས་སློབ་ལམ་འབྲས་སོགས་འཆད་སྤེལ་གནང་མཁན་མང་ལ་རགས་པ་ཡོད་ཚོད་དུ་འདུག་ཀྱང་རྣམ་ཐར་ཚིགས་བཅད་མ་གོང་འཕྲོས་ལས། ནང་དོན་མཐར་ཐུག་རྟོགས་མིན་ལ་སོགས་པ། །སྔར་བརྩད་རྩོད་དང་རྩོད་མུས་ལེགས་སོ་ཞུས། །ཞེས་གསུངས་པ་ལྟར། གཉིས་པ་རྩོད་པ་རྡོ་རྗེའི་མེ་ཆར་གྱིས་ལོག་ལྟའི་རི་བོ་བསྙིལ་ཚུལ་ནི། འཇམ་མགོན་ཀུན་བློའི་གསུངས་ལས། རྩོད་པའི་རིག་པ་ལ་མ་སྦྱངས་ཀྱང་བབས་ཐོག་རྩོད་ཤུགས་ཤིན་ཏུ་ཆེ་བ་ཡོད་གསུངས་པ་ལྟར། གཞན་དག་རང་ལུགས་སོགས་བླ་སྤྲུལ་དགེ་བཤེས་སོགས་དང་སྦས་གཏམ་ཇི་ལྟར་མཛད་ཀྱང་། ཐོག་མའི་ཞལ་བཞེས་དེ་ལ་སུས་ཀྱང་ལུང་རིགས་སོགས་གང་ནས་བརྟགས་ཀྱང་བསྙོན་དུ་མི་ནུས་པ་རྡོ་རྗེའི་ཚིག་ལྟར་ཀུན་གྱིས་ཁས་བླང་མི་ཞུ་མཐུ་མེད་ལྟ་བུ་ཡོད་སྐད་དང་། ཡང་གོང་འཕྲོས་ལས། མཁའ་སྤྱོད་དགའ་མའི་ཚོགས་འཁོར་ནག་འགྲོས་སོགས། །སྔར་ཙམ་བརྩམས་དངརྩོམ་མུས་ཡིན་ནོ་ཞུ། །ཞེས་གསུངས་པ་ལྟར་གསུམ་པ་རྩོམ་པ་ཉི་མའི་འོད་ཟེར་གྱིས་རྒྱལ་བསྟན་རྒྱས་པར་མཛད་ཚུལ་ནི། ཡབ་རྗེ་རྡོ་རྗེ་འཆང་ཀུན་དགའ་བློ་གྲོས་ཀྱི་གསོལ་འདེབས་ལེ་ཚན་རྣམས་དང་། གཞན་ཉིད་ཀྱི་དབུ་བླ་མུས་ཆེན་སོགས་ལ་གསོལ་འདེབས་བརྟན་བཞུགས་མང་བ་གནས་