R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༦
[A:༤༦]རླབས་ཀུན་བསོད་ཡིག་སྟེང་ནས་བརྒྱུད་པ་ཀུན་བཀྲས་ཡན་དཀྱིལ་ཆོག་བཞིན་ལ་ཀུན་དགའ་བསྟན་ཉི་དེས་པོད་ལུང་སྐོར་ལ། ཀུན་བསོད་ཀྱིས་མཛད་པའི་རྣམ་བཤད། ཞི་བའི་སྦྱིན་སྲེག ཐུན་མོང་མ་ཡིན་པའི་མན་ངག་གི་ཉམས་ལེན་མཁའ་སྤྱོད་བགྲོད་པའི་ལམ་ཐུན་མོང་མ་ཡིན་པ། མཁའ་སྤྱོད་སྒྲུབ་པའི་གསེར་ཆོས་ཆིག་བརྒྱུད་མ་སོགས་ཞལ་ཤེས་ཁག་ཆེ་བ་འགའ་ཞིག་ས་ལོ་ཆེན་པོའི་ཕྱག་དཔེ་ལས་ལོགས་སུ་བཀོལ་བ། དེས་མཛད་པའི་མཁའ་སྤྱོད་མའི་ཉམས་ལེན་སྙིང་པོ་དོན་བསྡུས། ལམ་རིམ་གསོལ་འདེབས། རྣལ་འབྱོར་མའི་མན་ངག་ཟབ་མོ། གསེར་ཆོས་ཆིག་བརྒྱུད་མ། རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་སྒྲུབ་དཀྱིལ་འགྲོ་ཀུན་མཁའ་སྤྱོད་བགྲོད་པའི་ཉེ་ལམ། འཕོ་བའི་ཆིག་བརྒྱུད་མའི་དྲིས་ལན་དོགས་གཅོད་རྣམས་ཨ་མེས་ཞབས་ཀྱིས་མཛད་པ་དང༌། མུས་ཆེན་སངས་རྒྱས་རྒྱལ་མཚན་གྱིས་མཛད་པའི་མཁའ་སྤྱོད་མའི་བསྐྱེད་རྫོགས་རྣམ་བཤད་ཀྱི་ལུང༌། སྔགས་འཆང་ཡིག་སྟེང་ནས་སྒྲོལ་དཀར་བཀའ་བབ་དགུ་ལྡན་གྱི་རྗེས་གནང༌། སྔགས་འཆང་ཡིག་སྟེང་ནས། གུར་ལྷ་བརྒྱད། ཞལ་བཞི་བསྙེན་དུས། ནོར་སྐྱོང་ཡབ་ཡུམ། པུར་ཏྲའི་ཟུར་བཀའ། པུ་ཏྲའི་མིང་སྲིང་གསུམ། བྲན་བདུད་གཤིན་རྗེ་ནག་པོ་ཡབ་ཡུམ་རྣམས་ཀྱི་རྗེས་གནང་ཡིག་ལུང་བཅས་བརྒྱུད་པ་ཀུན་བཀྲས་ནས་རྗེ་བཙུན་བསྟན་ཉིའི་ངག་ཆོས་ཡིག་སྟེང་ནས་གུར་མགོན་ཁྲོ་བཅུ་རྗེས་གནང་གི་ཡིག་ལུང་དང༌། ཀུན་བསོད་ཁྲོ་བཅུའི་རྗེས་གནང་གི་ཡིག་ལུང༌། ཡིག་སྟེང་གོང་འདྲ་ནས་དམག་ཟོར་རྒྱལ་མོའི་རྗེས་