[A:༤༧]གནང་བརྒྱུད་པ་ཀུན་བཀྲས་ནས། བྱམས་པ་ལྷ་དབང་རིག་འཛིན་རྗེ་བཙུན་ཀུན་བསྟན་དེས་སོ། །སྔགས་འཆང་ཡིག་སྟེང་ནས་དཀར་བདུད་རྗེས་གནང་བརྒྱུད་པ་ཀུན་བཀྲས། ཡབ་རྗེ་བསོད་རིན་རྗེ་བཙུན་ཀུན་བསྟན་ནོ།།
སྔགས་འཆང་ཡིག་སྟེང་ནས་ཚེ་དབང་གྲུབ་རྒྱལ་མ། ཀུན་བཀྲས་ཡིག་སྟེང་ནས་བླ་མ་ཞི་ཁྲོ། ཚེ་དབང་ལྕགས་སྡོང་མ་རྣམས་ཀུན་བཀྲས་ཡན་ཡབ་རྗེ་བཞིན། ལུང་གི་སྐོར་ལ། འཕགས་པ་རིན་པོ་ཆེའི་རྣམ་ཐར། ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་འཁོར་བ་འཁོར་ཚེ་མ། ས་ལོས་མཛད་པའི་མགོན་པོ་དྲུག་ཅུ་པའི་གཏོར་བཟློག སྔགས་འཆང་ཆེན་པོས་མཛད་པ། ཡང་བདག་མེད་དགུའི་སྒྲུབ་ཐབས། དེའི་དཀྱིལ་ཆོག གུར་མགོན་བྲག་རྫོང་མའི་རྒྱུན་ཁྱེར། ཀྱཻ་རྡོར་མན་ངག་ལུགས་ཀྱི་དབང་གི་མཚམས་སྦྱོར་རྣམས་ཀྱི་ལུང༌། སྔགས་འཆང་ཆེན་པོའི་རྣམ་ཐར་ངོ་མཚར་རྒྱ་མཚོའི་ཉིང་ཁུ་ཀུན་བསོད་ཀྱིས་མཛད་པ། ཡང་དེས་མཛད་པའི་བསོད་ནམས་དབང་པོ་དང༌། གྲགས་བློའི་རྣམ་ཐར། ཨ་མེས་ཞབས་ཀྱི་རྣམ་ཐར་ཁྲོ་ཕུ་དུས་ཞབས་པས་མཛད་པ། བསོད་ནམས་དབང་ཕྱུག་པའི་མཛད་པ་རྣམ་ཐར་སྔགས་འཆང་ཀུན་བཀྲས་ཀྱིས་མཛད་པ། ཀུན་བཀྲས་རྣམ་ཐར་མཛོད་པ་ནམ་བསམ་པས་མཛད་པ། ཨ་མེས་ཀྱིས་མཛད་པའི་བདག་མེད་མའི་སྒྲུབ་དཀྱིལ་དབང་གི་མཚམས་སྦྱོར་གྱི་ལུང༌། ས་ལོས་མཛད་པའི་སྤྲོས་མེད་དང་སྦྱོར་དྲུག་བརྒྱུད་འདེབས། བླ་མ་དམ་པས་མཛད་པའི་ཟབ་ལམ་རྡོ་རྗེ་རྣལ་འབྱོར་ཁྲིད་ཡིག་ངོ་སྤྲོད་དང་བཅས་པའི་བརྒྱུད་འདེབས།