R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༢༤
[A:༥༢༤]གཞི་ཐོག་ཏུ་ཕེབས་བསུར་འབྱོར་བསྟུན་ཉིན་དང་པོ་ཟུང་ལ་ཕེབས་པའི་གཙོ་བོར་གདུང་སྲས་བགྲེས་པ་པདྨ་བདུད་འདུལ་དབང་ཕྱུག་དང་། བར་པ་ངག་དབང་ཀུན་དགའ་རིན་ཆེན་ཟུང་སྔགས་འཆང་གོས་དཀར་ལྕང་ལོས་མཛེས་པ་དང་། ཆུང་བ་མགོན་པོ་དངོས་གྲུབ་དཔལ་འབར་རབ་བྱུང་བཅས་མཐའ་སྐོར་ཀུན་ཏུ་ཕྱག་འདེགས་པ་སོགས་དྲུང་རིགས་ཞབས་འབྲིང་པ་རྣམས་དང་མཇུག་ཡུམ་རྗེ་བཙུན་མ་སོགས་སྐུ་ངོ་རྣམས་དང་། བན་ཚང་པ་རྣམས་གདུགས་ཆེན་རྒྱ་གླིང་སོགས་སོ་སོར་ལག་འཁྱེར་དང་བཅས་ཚོགས་ཆེན་མོའི་ཤར་སྒོ་ནས་དལ་བུས་བགྲོད་པ་པདྨའི་མཚན་ཅན་གྱི་ཞབས་གཡས་ཤར་སྒོའི་ནང་དུ་བཞག་པ་དང་ཆོས་དུང་རིན་པོ་ཆེའི་གསུང་བསྐུལ་བའི་དུང་བསྐོར་བ་དུས་གཅིག་བྱེད་པ་སྔོན་གྱི་ཕྱག་སྲོལ་གོང་མའི་བླ་དུང་དུ་གྲགས། དེ་ནས་ཚོགས་ཆེན་མོའི་མཐའ་སྐོར་ཁྲི་ཆེན་གྱི་མདུན་ཐང་དུ་ཕྱག་གདན་དང་བཅས་སྐུ་ཕྱག་ཐེངས་གསུམ་མཛད་ནས། ཆོས་ཁྲིའི་སྟེང་གི་སྒོ་ཆུང་ནུབ་བརྒྱུད་འཇམ་མགོན་སྐུ་མཆེད་གསུམ་འཇམ་དབྱངས་ས་པཎ་གྱི་ཆོས་ཁྲི་ཆེན་པོ་མཁས་པ་ཟིལ་གནོན་ནམ། ཐང་མོ་ཆེའམ། འཁོར་ལོ་གསུམ་ལྡན་དུ་གྲགས་པའི་ཁར། སྐུ་ལྷན་ནེ་ལྷམ་མེར་བཞུགས་གྲུབ་པ་དང་། འདུས་ཚོགས་ཀྱི་ལོངས་སྤྱོད་མཚམས་བཞག་སྟེ། ཚོགས་པ་རྣམས་ལ་གསུང་རབ་བསྐྱེད་ལ་འཇམ་མགོན་པདྨའི་མཚན་ཅན་གྱིས་ཐམས་ཅད་མཁྱེན་པའི་གསུང་རབ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ་ཞེས་གསུངས་པ་དང་། ཚོགས་པས་མདོ་ཀློག་པ་དང་ཤེར་སྙིང་བདུད་བཟློག་བཅས་གྲུབ་མཚམས། བན་ཚང་པ་རྣམས་ལངས་ནས་མཎྜལ་