R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༢༦
[A:༥༢༦]རིན་པོ་ཆེ་བློ་བཟང་བསྟན་པའི་ཉི་མ་བཅས་སོ་སོ་ནས་སྐུ་ཚབ་མི་སྣ་རྩེ་དྲུང་མངགས་ཤིང་། གནང་སྐྱེས་མཎྜལ་རྟེན་གསུམ་གྱིས་མཚོན་གསེར་དངུལ་གོས་དར་གྱི་ཚན་གྲངས་གནང་སྐྱེས་སྤམ་མཐོ་བ་དང་། གཞན་ཕྱོགས་ཀྱི་དགོན་སྡེ་ཁག་དང་། རང་ཁོངས་སུ་གཏོགས་པའི་ཆོས་སྲིད་ཀྱི་སྣེ་མོ་བ་སེར་སྐྱ་མཆོག་དམན་ཡོད་དོ་ཅོག་དང་། ཕྱོགས་མཐའི་དད་སྦྱིན་ཁག་བཅས་ནས་ཁྲི་སྟོན་ལེགས་སྐྱེས་རྨུགས་འཛིན་དབང་པོའི་གན་མཛོད་ལ་ཅོ་འདྲི་བ་སྟོབས་པ་བྱུང་བ་རྣམས་དང་དེ་ཉིན་གདན་ས་ཆེན་པོའི་དྲི་གཙང་ཁང་རྣམས་སུ་མཆོད་པའི་འཕྲེང་བ་ཚར་དུ་དངར་བ་བརྒྱ་ཕྲག་དུ་མ་དང་། རྒྱལ་བསྟན་སྲུང་བའི་མེལ་ཚེ་བ་ཁག་རྣམས་སུ་སྤྱན་གཟིགས་ཀྱི་ཡོ་བྱད་གྲངས་ལས་འདས་པ། དགེ་འདུན་གྱི་སྡེ་དང་སྐྱེ་བོའི་ཚོགས་ལ་འབྲུ་འགྱེད་བཅས་སྔོན་ལམ་བཞིན་གྱ་ནོམ་པ་བསྩལ་བ་སོགས་དགེ་བའི་རྩ་བ་རྣམས་ཡབ་རྗེ་རྡོ་རྗེ་འཆང་པད་འབྱུང་གཉིས་པ་འགྲོ་མགོན་དབང་གི་མཚན་འཆང་ཉིད་ནས་འཁོར་གསུམ་ཡོངས་དག་གིས་རྒྱས་བཤད་དང་བཅས། བསྔོ་བ་རྣམ་དག་གིས་རྒྱས་འདེབས་གྲུབ་ནས། ཡབ་རྗེ་རྡོ་རྗེ་འཆང་ཉིད་དང་། མཁན་ཆེན་ཟུར་ཆད་པ་སོགས་དཔོན་སློབ་ཀྱི་རིགས་བན་ཚང་པ་དང་བཅས་པ། ཁྲི་ཆེན་གྱི་མདུན་དུ་བཞེངས་ཏེ། རྟེན་འབུལ་སྣ་བདུན་རྫས་བརྒྱད་སོགས་ཀྱི་མངའ་གསོལ་ཤིས་བརྗོད་རྣམས་མེ་བྱ་འགྲོ་མགོན་དབང་གི་མཚན་འཆང་གང་ཉིད་ཁྲིར་ཕེབས་ལམ་བཞིན། མཛད་གྲུབ་མཚམས་གཙོ་ཐབ་པས་ཞྭ་གཡབ་དང་ཀི་སྒྲ། དེ་ནས་སེར་ཕྲེང་དྲུང་འཁོར་དང་མི་སེར་གྱི་ཀོང་གཞས་པ་རྣམས་ཀྱིས་བསུ་བ་དང་བཅས་པ་