R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༢༧
[A:༥༢༧]ཚོགས་ཀྱི་ཤར་སྒོ་ལྷོ་མ་ནས། ཁྲོ་ཁང་གི་མདུན་ནས་གཞི་ཐོག་གི་ལྟག་བསྐོར་ཏེ་བར་བསྐོར་བསྡུས་པ་བཞིན་གཞི་ཐོག་ཏུ་ཕེབས་བསྟུན། རྩེ་ནས་ཆོས་དུང་རིན་པོ་ཆེ་ཐེངས་བཅུ་གསུམ་བསྐུལ་བ་སོགས་སྔོན་བྱོན་གོང་མའི་བཞེད་སྲོལ་ལྟར་དང་། ཀོང་གཞས་སོགས་གཟིགས་འབུལ་ནི་ཉིན་གྲངས་དུ་མའི་བར་དགའ་སྟོན་དུ་འབུལ་བར་བྱུང་གྲགས་ཤིང་། དེ་ནས་ཡབ་རྗེ་རྡོ་རྗེ་འཆང་སོགས་སྐྱེས་ཆེན་རྣམས་ལས་སྔ་ཕྱི་དབང་ལུང་ཁྲིད་སོགས་གསན་བསམ་མཛད་པ་རྣམས་རགས་ཙམ་སྨོས་ན། ཡབ་རྗེ་མཆོག་ལ་བྱ་རྒྱུད་ཚེ་དཔག་ལྷ་དགུ་དཔལ་ཆེན་རྡོ་རྗེ་ཕུར་པའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་དང་། སྨད་ལས་དྲག་པོའི་སྒྲོལ་དབང་། དགེས་རྡོར་དབང་། ལམ་དབང་། ཉང་གཏེར་གུ་རུ་དྲག་དམར་གྱི་དབང་སོགས་ནི་ཡང་ཡང་གསན་ཅིང་། གཞན་ཡང་འཇིགས་བྱེད་རྭ་ལུགས་བཅུ་གསུམ་མ། བདེ་མཆོག་གྲུབ་ཆེན་ནག་པོ་ལུགས། གསང་འདུས་འཕགས་ལུགས་རྟ་མགྲིན་ཡང་གསང་ལྷ་དགུ། ངན་སོང་སྦྱོང་རྒྱུད་ཀུན་རིག་རྣམས་ཀྱི་དབང་དང་། ཐུབ་དབང་གནས་བཅུ། འཇམ་དབྱངས་སྨྲ་སེང་། འཇམ་དཀར་རྟ་མགྲིན་སྐྱེར་སྒང་། ཕྱག་རྡོར་གཏུམ་མོ་འབྱུང་འདུལ། ཁྱུང་ཁྲ་ནག རྣམ་རྒྱལ། རྣམ་འཇོམས། རི་ཁྲོད་མ་བྱད་གྲོལ་སོགས་ཡང་ཡང་དྲང་སྲོང་ལོག་ཏྲི་པ་ལའི་རིག་གཏད་གྲུབ་ཆེན་བརྒྱད་ཅུའི་བྱིན་རླབས། གུར་ཞལ་སོགས་རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་རྗེས་གནང་། དམར་པོ་སྐོར་གསུམ། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས། རྒྱལ་པོ་སྐུ་ལྔ་དང་། རྩི་དམར་རྣམས་ཀྱི་སྲོག་གཏད་སོགས་གསན་ཅིང་། གཞན་ཡང་འདིར་མ་འཁོད་པ་མང་དུ་ཡོད་ངེས་ཤིང་། སྙིགས་