R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༢༨
[A:༥༢༨]དུས་ས་ཆེན་ཀུན་བློའི་དངོས་སློབ་ས་བསྟན་སྤེལ་བ་ལུང་གིས་བསྔགས་པ་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཀུན་དགའ་བཀྲ་ཤིས་ལས། གསུང་ངག་རིན་པོ་ཆེ་ཚོགས་བཤད་དབང་ཁྲིད་རྒྱབ་རྟེན་ལུང་དང་བཅས་པ་དེ་དང་འབྲེལ་བ་སྐོར་དགུའི་ཁྲིད་ལུང་། བདེ་མཆོག་ལོ་ནག གསང་འདུས་འཕགས་ལུགས་གསེར་ཆོས་བཅུ་གསུམ། སྒྲུབ་ཐབས་བརྒྱ་རྒྱམ་སྣར་ཐང་བརྒྱ་རྩ་སེམས་བསྐྱེད་ལུགས་གཉིས་སོགས་བློ་སྦྱོང་སྐོར་དང་། ཇོ་བོའི་ཆོས་འབྱུང་བརྒྱ་རྩ་སོགས་བཀའ་གདམས་པའི་སྐོར་དང་། རྗེས་གནང་ཟུར་བཀའི་རིགས་གྲངས་ལས་འདས་པ། འཇིགས་བྱེད་རྭ་ལུགས་བཅུ་གསུམ་མའི་དབང་ཁྲིད་ཡོངས་རྫོགས་ཀྱི་ལུང་དང་བཅས། གཤེད་དམར་ལྷ་ལྔའི་དབང་ཁྲིད་ལུང་དང་བཅས་པ། རོ་ལངས་བརྒྱད་སྐོར། དགྲ་གདོང་གཉིས། ཀྱཻ་རྡོར་བཀའ་བབས་བཞི་དང་། གུར་བསམ་གཉིས། མགོན་པོའི་དབང་ཆེན་རྣམས་དང། གུར་མགོན་ཁྲོ་བཅུ་ཐུན་མོང་མ་ཡིན་པ། ལྷ་བརྒྱད། ལྷ་བཅུ་གཉིས་མ། ལྕམ་དྲལ་ལྷ་གསུམ་པུ་ཏྲའི་ཟུར་བཀའ། ཟངས་གྲི་སྐོར་གསུམ་སོགས་ཀྱི་རྗེས་གནང་ཐུན་མོང་བ་དང་ཐུན་མིན་རིགས་ཚང་མ། བྲག་རྫོང་མ་ཕྱི་ནང་གསང་གསུམ་གྱི་ཉམས་ཁྲིད་ལྷ་དགུའི་རྗེས་གནང་སྔོན་འགྲོའི་ནང་རྩ་གསུམ་ལྔ་ལ་བརྟེན་པའི་གསང་ཁྲིད་གཞུང་པོད་མེ་འབར་སྙན་བརྒྱུད་ཁ་སྐོང་ཡང་སྐོང་སོགས་ཀྱི་ལུང་ཡོངས་རྫོགས། དུད་སོལ་མའི་རྗེས་གནང་གཉིས་སྔོན་འགྲོའི་དུད་པོད་ཀྱི་ལུང་ཞལ་རྣམ་རྒྱུར་བཅུན་གྱི་རྗེས་གནང་ཁྲིད་ལུང་བཅས་ཡོངས་རྫོགས་གསན་ཀྱང་ཆོས་སྐྱོང་སེངྒེ་ནག་པོ་དང་། བྲམ་ཟེ་མངག་གཏད་སོགས་ཁ་རེ་ཡབ་རྗེ་སྐུ་མཆེད་གཉིས་ཆར་ནས་མ་