R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༣༠
[A:༥༣༠]དང་བཅས་ཡོངས་སུ་རྫོགས་པ་གསན། གཞན་ཡང་དབང་ལུང་ཐོར་བུ་མང་དུ་གསན། ངོར་མཁན་ཆེན་ཐར་རྩེ་བྱམས་པ་ཀུན་དགའ་བསྟན་འཛིན་དྲུང་ནས། གཙོ་བོ་བིརྺ་པ་ལམ་འབྲས་ཆུང་བར་གྲགས་པ། གཤེད་དམར་ལྷ་ལྔའི་དབང་ལུང་ཁྲིད་བྱིན་རླབས་རིགས་དང་བཅས་པ་ཡོངས་རྫོགས། གསང་འདུས་འཇམ་པའི་རྡོ་རྗེའམ་ཡེ་ཤེས་ཞབས་ལུགས་ཀྱི་དབང་སོགས་གསན། གཞན་ཡང་ཀྱཻ་རྡོར་རྒྱུ་ལམ་གྱི་དབང་དང་། ལམ་ཟབ་བིར་སྲུང་། ནཱ་རོ་མཁའ་སྤྱོད་རྣམས་ཀྱི་བྱིན་རླབས། འཇམ་དཔལ་རིགས་གསུམ། ཁྱུང་ཁྲ་ནག ཚེ་དཔག་མེད་ལྷ་དགུ། ཚེ་དབང་འཆི་མེད་དཔལ་གཏེར་སོགས་རྒྱུན་གྱི་ཐུགས་དམ་རྣམས་ཀྱི་ཁ་གསོ་དགོས་རིགས་རྣམས་ཡང་ཡང་གསན། ཞེ་དགོན་མཁན་པོ་བསོད་ནམས་དབང་ཕྱུག་ལས། སྔ་ཕྱིར་གཙོ་བོ་བདེ་མཆོག་ལུ་ནག་དྲིལ་གསུམ་གྱི་དབང་དང་། དྲིལ་བུ་ལུས་དཀྱིལ་རིམ་ལྔའི་ཁྲིད་ལུང་སོགས་དབང་ལུང་རྗེས་གནང་ཐོར་བུ་བ་མང་དུ་གསན་པ་ཞིབ་པར་འཇམ་མགོན་དེ་ཉིད་ཀྱི་གསན་ཡིག་གླེགས་བམ་ལས་རྟོགས་པར་བྱའོ། །དེ་ལྟ་བུ་ཐོས་བསམ་མཛད་པ་རྣམས་ལ་བསྒོམ་སྒྲུབ་ཉམས་བཞེས་ཇི་ལྟར་གནང་བའི་ཚུལ་ནི། སྐུ་གཞོན་ནུའི་དུས་ལམ་འབྲས་གསན་ནས་བདེ་མཆོག་ཕོ་བྲང་དུ། ཀྱཻ་རྡོར་གཞི་བསྙེན་ཟླ་དྲུག་ལྷག་ཙམ་མཛད་དུས་སྐབས་གཅིག་ལྗགས་བཟླས་སྐབས་སོགས་སུ་བཞུགས་གནས་དེ་ཉིད་ནས་ཕྱི་གསལ་ནང་གསལ་ལྟ་བུས་ཡུལ་སྡེ་ཚང་མ་གཟིགས་ཉམས་དང་། སྨད་ཞིང་ཕྱོགས་ནས་བྱིས་པ་ཐལ་ཕྱུར་ཁ་ཅིག་ནས་རྗེ་རང་ཉིད་ལ་རྡོ་སོགས་འཕེན་པར་འཁྲུངས་པ། བླ་མ་ཀུན་བཀྲས་ལ་ཞུས་པས་འདི་དག་ནག་