[A:༤༨]མཆོག་དང་དབང་ཕྱུག་དམ་པ་མཆོག་གི་བདེ་བར་གཤེགས་པ་ཞེས་པ་སྐད་གཉིས་ཤན་སྦྱར་འདི་བརྟག་གཉིས་ཀྱི་འགྲེལ་པ་རྡོ་རྗེ་རིན་ཆེན་གསུམ་ཕྲེང་ཞེས་བྱ་བའི་དཔེ་ཨེ་ཧཱུྃ་ན་བཞུགས་པ་རྡོ་རྗེའི་ཚིག་ཁ་ཤས། ཀུན་རིག་ཕུར་པ། གུར་དྲག་མི་འཁྲུགས་པ་བཅས་ཀྱི་བརྒྱུད་འདེབས། རྡོ་རྗེ་ཕུར་པའི་སྒྲུབ་ཐབས་རྒྱས་པ་བཀླགས་པས་དོན་འགྲུབ། བདེ་ཀྱཻ་སོགས་ཀྱི་བརྒྱུད་འདེབས། ཡོངས་འཛིན། མུས་ཆེན་འཇམ་དབྱངས་པ། གློ་བོ་མཁན་ཆེན། ཞྭ་ལུ་ལོ་ཆེན་རྣམས་ཀྱི་སྐུ་བསྟོད། སྒྲོལ་མའི་མཚན་བརྒྱ་འགྱུར་བཅོས། དུས་འཁོར་མཎྜལ། རྡོ་རྗེ་ཕུར་པའི་གཏོར་བཟློག་གནམ་ལྕགས་རྡོ་རྗེའི་དབལ། ཕུར་སྲུང་བསྐུལ་བཟློག་འཁོར་ལོ་རྩིབས་བཅུ། ལྟས་ངན་བརྒྱད་ཅུའི་བཟློག་པ། བདག་ཤྭོ་ས་གསུམ་གྱི་བསྐུལ། ཨ་མེས་ཞབས་ཀྱི་ཕུར་དཀྱིལ། ཞི་བའི་སྦྱིན་སྲེག་འཕྲིན་ལས་ལྷུན་གྲུབ། བིརྺ་པའི་བསྟོད་པ་འཕགས་མཆོག་མ་སྐུ་ཡི་རྣམ་འགྱུར་དྲུག་གི་བསྟོད་པ། ཀུན་མཁྱེན་གམ་པའི་བསྟོད་པ་དད་པ་རྒྱ་མཚོའི་རླབས་ཕྲེང་རྣམས་ཨ་མེས་ཞབས་ཀྱིས་མཛད་པ། བདག་ཆེན་རྒྱ་གར་བའི་གུར་དྲག་ཕྲིན་གཞུང་དང༌། ལས་མཐའ་གསལ་བྱེད། གྲུབ་མཆོག་བསོད་ནམས་དབང་པོའི་སློབ་དཔོན་པདྨའི་བླ་མ་རྣལ་འབྱོར་དང༌། སྒྲོལ་དཀར་སྒྲུབ་ཐབས། སྔགས་འཆང་ཀུན་བཀྲས་ཀྱི་ཞལ་གྱི་གཏོར་བཟློག་བསམ་དོན་ཀུན་འགྲུབ། ཆག་མེད་གསུམ་གྱི་རྒྱུན་ཁྱེར་ཉུང་ངུ། ལམ་ཟབ་བྱིན་རླབས་ཉམས་ལེན། བིརྺ་པའི་སྒྲུབ་ཐབས་བིར་སྲུང་ཐུན་མོང་བའི་བྱིན་རླབས། ལམ་ཟབ་ནང་གི་