R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༣༥
[A:༥༣༥]འདྲ་བ་བཞུགས་ཀྱང་རིང་མིན་ནས་བར་ཆད་ཀྱི་དབང་དུ་སོང་སྟེ་ཞིང་བརྗེས་པས་ཚང་མ་བྱ་ཐབས་བྲལ་ཞིང་ཡིད་མུག་ཏུ་གྱུར་པ། སླར་ཡང་བར་སྦུག་སྣང་སྨོན་ནང་པའི་སྲས་མོ་ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག་ཉིད་ཀྱི་ཁབ་ཏུ་ཕུལ་ཏེ། ཞིང་སྐྱོང་དབང་མོར་མཚན་གསོལ་བ་དེ་ཉིད་ལ། རྗེ་བཙུན་མཆེད་གཉིས་བལྟམས་ཤིང་། དེ་རྗེས་ས་ཡོས་ལོར་ཡུམ་མཆོག་སྙིང་རི་བ་པདྨ་བུ་ཁྲིད་ལས་གདུང་སྲས་ངག་དབང་རྡོ་རྗེ་རིན་ཆེན་འཁྲུངས་བ། འཁྲུངས་སྟོན་ཟབ་མོ་སོགས་མཛད། ལོ་འདིར་ཡབ་པདྨ་བདུད་འདུལ་དབང་ཕྱུག་ཉིད་ཀྱི་དགོངས་བཞེས་ཐུན་མོང་མ་ཡིན་པ་ཕུན་ཚོགས་ཞབས་བརྟན་དེ་ཉིད་གདུང་རབས་མྱུར་འབྱོན་ཆེད་གསར་བསྐྲུན་གྱི་གཟའ་ཚེས་དགེ་བ་ནས་དབུ་བཟུང་སྟེ་ས་བརྟག་བླངས་ཀྱི་ཆོ་ག་རྣམས་རྒྱུད་སྡེ་ནས་གསུངས་པ་བཞིན་ལེགས་པར་མཛད་དེ། རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པ་གསར་འདེབས་ཀྱི་ལྷ་ཁང་སྟེང་ཤོད་རྒྱ་ཁྱོན་དང་། ཞལ་བ་ཚོན་རྩི་ལོགས་བྲིས་སྣང་བརྙན་རྣམས་དང་བཅས་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱི་སྐུ་དུས་ཕྱག་བཏབ་པའི་ཞལ་གྲོ་ལྷ་ཁང་འདྲ་ཅོག་མཛད་ནས། ནང་དུ་རྟེན་གྱི་གཙོ་བོ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་གསེར་སྦྱངས་ཁོ་ན་ལས་གྲུབ་པའི་རྩེ་ཁྲུ་གང་དང་། ཉན་གཉིས་དངུལ་གྲུབ་སྐུ་ཁྲུ་གང་ཙམ་རེ། ནང་གཟུངས་རིང་བསྲེལ་རྣམ་བཞི་ཁྱད་འཕགས་བཞུགས་པ་དང་། རྒྱལ་ཡུམ་ཞིང་སྐྱོང་དབང་མོ་ནས། རིན་ཆེན་གཉིས་པ་ལས་གྲུབ་པའི་མྱུར་མཛད་ལྷ་མོའི་སྣང་བརྙན་དང་། རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ་ནས་རིན་ཆེན་གཉིས་པ་ལས་