R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༤༡
[A:༥༤༡]རི་ཆུང་སྤུན་གསུམ་ཞེས་པའི་ཐད་བླ་བྲང་མཆོག་ནས་ཐབ་བསུ་ཕེབས་བསུ་མི་སྣ་མང་བས་མཇལ་དར་ཕུལ། འདི་སྐབས་པཎ་ཆེན་རིན་པོ་ཆེ་བློ་བཟང་བསྟན་པའི་ཉི་མར་མཇལ་ཕྱག་དང་། དེ་ནས་བར་ལམ་སྒང་རོང་ལམ་ཕྱོགས་གང་ལ་ཕེབས་པ་དང་། དགོན་སྡེ་རྣམས་ལ་གནས་གཟིགས་མཆོད་འབུལ་ཇི་ལྟར་མཛད་པ་དང་། བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་ཚུལ་སོགས་རྒྱ་ཆེན་ཡོད་ནའང་། རྣམ་ཐར་སྔོན་མ་རྣམས་སུ་མ་གསལ་བས་འབྲི་བར་རྔོ་མ་ཐོགས། དེ་ནས་གཞིས་རྩེར་ཞག་གཅིག་བཞུགས་ཏེ། ལམ་བར་འགྲོ་རྣམས་སྨིན་གྲོལ་མཛད་མུར། ལྷ་ལྡན་དང་ཉེ་བ་ན་གཞུང་ས་ཆེན་པོ་ནས་ཐབ་བསུ་དབུ་གུར་གྲ་བསྒྲིིགས་ཀྱི་ཐོག རྩེ་ཤོད་བཀའ་ཤག་བཅས་ནས་ཇ་ཞུས་དང་འཚམས་དར་འབུལ་མི་མགྲོན་གཉེར་མངགས་རྫོང་དང་། ཕེབས་བསུ་བ་རྩེ་དྲུང་བཅོ་ལྔ་སྐོར་དྲུང་སྐྱ་རྒྱ་ལུ་ཆས་བསྒྲིགས། དེ་ཙམ་དང་བཅས་བཞུགས་གནས་ལྷ་ཀླུ་དགའ་ཚལ་དུ་གདན་ཕབས། དེ་ནས་ཞག་ཤས་ནས་ཕོ་བྲང་ཆེན་མོར་མཇལ་ཕྱག་བཅར་མཐུས་ཀྱི་གནང་བརྡ་སྙན་སེང་ཕུལ་ཏེ། དངོས་གཞི་མཇལ་ཕྱག་རྩེ་ཕོ་བྲང་དུ་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཇལ་ཕྱག་ཐོག མཎྜལ་དང་རྟེན་གསུམ་གྱི་གསུང་བཤད་ཤིན་ཏུ་རྒྱས་པ་དེ་དུས་ཀྱི་སྐུ་དྲག་རྣམས་ཀྱི་ཡིད་འཕྲོག་པར་མཛད་དེ། འགྱོགས་དར་ནང་མཛོད་དང་བཅས། གཞན་ཡང་གསེར་དངུལ་དང་གོས་དར་གྱི་ཚན་གྲངས་བཙེམ་ཡོད་བཙེམ་མེད་ཇ་སྒམ་ལྟང་རིགས་སོགས་སྔོན་ལམ་བཞིན་ཚན་ཆེ་བར་འབུལ་བར་