R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༤༢
[A:༥༤༢]མཛད་ནས། མགྲོན་ཆེ་ནས་སོ་སོའི་གོ་བབས་བཞུགས་ཁྲིར་གདན་ཞུས་ཀྱིས་གསོལ་ཇ་འབྲས་སིལ་བཅས་ཕེབས། དེ་ནས་གསོལ་ཚིགས་སྒང་དུ་གསོལ་སྟོན་སྡེར་ཁ་རྒྱ་ཆེ་བ་བསྩལ་ཏེ། རྩེར་གནས་གཟིགས་སོགས་གནང་ཡོད་དམ་སྙམ་ཞིང་། དེ་བཞིན་དུ་སྲིད་སྐྱོང་ནོ་མི་ཧན་མཚོ་སྨོན་གླིང་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་དྲུང་དུ་ཁྲི་མཇལ་ལེགས་འབུལ། མཎྜལ་རྟེན་གསུམ་མཇལ་དར་གསེར་དངུལ་སོགས་སྟོབས་ཆེ་བ་ཕུལ་ཞིང། དེ་བཞིན་བཀའ་བློན་ལྷན་དུ་སྔོན་ལམ་ཁྲི་འབུལ་སོགས་དང། གོང་མའི་སྐུ་ཚབ་ཨམ་བན་ལ་དེ་མཚུངས་མཛད་ཡོད་འགྲོ་བ་བཅས་དང། སྐུ་མཆེད་གཉིས་ཆར་གཞུང་ས་མཆོག་ནས་གཏོར་བཟློག་མནན་སྲེག་འཕངས་གསུམ་ཞབས་བརྟན་སྒྲུབ་དགོས་རྣམས་གྲུབ་ནས། ཇོ་ཤཱཀ་རྣམ་གཉིས་རྟེན་གསུམ་རྣམས་ལ་མཆོད་འབུལ་རྒྱ་ཆེ་བ་དང་། ཁྲུས་གསོལ་ལྷ་གནས་ཀྱི་མེ་ཏོག་འཐོར་བ་བཅས་མཛད་སྐབས་ནམ་མཁའ་འཇའ་འོད་ཀྱིས་ཁེངས་པ། རང་བཞིན་གྱིས་དྲི་བཟང་འཐུལ་བ་སོགས་ཀུན་གྱིས་གླེང་བ་བྱུང། སྲིད་སྐྱོང་མཆོག་ནས་བཀས་བསྐུལ་བ་བཞིན་མཚོ་སྨོན་གླིང་ཕོ་བྲང་གསར་བསྐྱེད་ཀྱི་ས་ཆོག་རྡོ་རྗེ་ཕུར་པའི་སྒོ་ནས་མཛད་པ། ཁུལ་དེ་ན་མཚོ་གླིང་ལ་ཤིན་ཏུ་གནོད་པའི་ཀླུ་ཞིག་ཡོད་པ། སྔར་དམར་སྐྱུར་ཐབ་གཞོབ་སོགས་ཕྲན་ཙམ་ཕོག་ཀྱང་། དེ་མ་ཐག་རྨ་ཤུ་གཉན་སོགས་དུ་མ་ཡོད་པ། དེ་ནས་བཟུང་དམར་སྐྱུར་ཆེད་དུ་བཏབ་ཀྱང་མི་གནོད་པ་ཞིག་བྱུང་བ། སྲིད་སྐྱོང་ཀུན་འཁོར་ཀུན་བདག་ཁྲི་རིན་པོ་ཆེས་འདི་འདྲ་བའི་མཐུ་སྟོབས་ཞེས་གཟེངས་བསྟོད་མཛད་