[A:༤༩]ཉམས་ལེན། གུ་རུའི་རྣམ་ཐར་རི་མེད་ཉང་གིས་མཛད་པ། རྡོ་རིང་པས་མཛད་པའི་ཞལ་གྱི་གཏོར་བཟློག་ཀུན་རིག བརྟག་གཉིས་རྣམ་དག་མ། དཔལ་མཆོག་མ། ལམ་ཟབ་དུས་འཁོར། བདེ་མཆོག གུར་མགོན། ཕུར་པ། དྲག་དམར་རྣམས་ཀྱི་བརྒྱུད་འདེབས་ཁ་སྐོང༌། ཀུན་རིག་ལྷན་ཐབས། ཨ་མེས་ཞབས་ཀྱི་མགོན་པོའི་ཞི་བའི་སྦྱིན་སྲེག་རྣམས་ཀྱི་ལུང༌། ཚར་ཆེན་ལམ་གླུ། ནི་གུའི་བརྒྱུད་འདེབས། ཚེ་དཔག་མེད་ཀྱི་བརྒྱུད་འདེབས། ཨ་མེས་ཞབས་ཀྱི་འཁྲུངས་རབས། རྗེ་ཉིད་ཀྱི་ཞལ་གསུང་མ་རྣམས་ཀྱི་ལུང༌། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་གྱི་བཀའ་འབུམ་གྱི་ལུང་སོགས་གསན། ཐར་རྩེ་རྡོ་རྗེ་འཆང་ནམ་མཁའ་བསམ་འགྲུབ་ཀུན་དགའ་མཚན་དཔེའི་རྒྱལ་མཚན་དཔལ་བཟང་པོ་ལས། མདོ་སྔགས་གཉིས་ལ། དང་པོ་ལ་འཕགས་པ་བརྒྱད་སྟོང་པ། ཏོག་གཟུངས། གྲྭ་ལྔ་རྣམས་ཀྱི་ལུང༌། གཉིས་པ་སྔགས་ལ། བྱ་རྒྱུད་ཚེ་དཔག་ལྷ་དགུའི་དབང༌། འཆི་མེད་རྔ་སྒྲ་ལྷ་དགུའི་དབང༌། རྗེས་གནང་སྐོར་ལ། མི་ཏྲ་ལུགས་ཀྱི་ཚེ་དཔག་མེད་དཀར་པོ། བཅུ་གཅིག་ཞལ་དཔལ་མོ་ལུགས། འཇིག་རྟེན་དབང་ཕྱུག སེངྒེ་སྒྲ། སྒྲོལ་དཀར་བཀའ་བབ་དགུ་ལྡན་རྣམས་ཀྱི་རྗེས་གནང་དང༌། ཚར་ལུགས་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་ཉམས་ཁྲིད་ལུང་བཅས། ཚེ་སྒྲུབ་ཞག་བདུན་མའི་ལུང་ཁྲིད། གཉན་སྒྲོལ་ཡན་ལག་དྲུག་པ། རི་ཁྲོད་མ་སེར་མོ་གཉིས་ཀྱི་རྗེས་གནང༌། ལྷ་མོ་ཤ་བ་ཎའི་སྒྲུབ་ཐབས་ལུང་དང་དམིགས་ཁྲིད་བཅས། རྟ་མགྲིན་གྲུབ་རྒྱལ་ལུགས། སྨན་བླ་