R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༤༩
[A:༥༤༩]པའི་ཞལ་བརྡུང་ཡང་ས་བཟང་རིན་སྒང་སོགས་ཀྱི་ཨ་ནི་ལོ་དྲུག་ཅུ་ཟིན་པ་ཁོ་ནས་བགྱིས་པ་ཡིན་ཚུལ་ཟེར་བ་སོགས་ལ་རབ་གནས་རྗེ་ཉིད་ནས་མཛད་ཅིང་། དེ་བཞིན་བསམ་བརླིང་དུ་གདན་ས་འདི་ཉིད་ཀྱི་གཙུག་ལག་ཁང་ངོ་མཚར་རྟེན་བཞིའི་ནང་ཚན་གཡུ་ཁར་མོའི་གཙུག་ལག་ཁང་ལ་དཔེ་བཞེས་པའི་སྒྲོལ་མའི་ལྷ་ཁང་སྤ་ཏྲ་མེ་ཏོག་འབྲུག་སོགས་ཀྱིས་དབུས་སྣང་བརྙན་རྣམས་དང་བཅས། སྨན་འདམ་ལས་གྲུབ་པ་ལ་ནང་གཟུངས་རིང་བསྲེལ་རྣམ་བཞི་སྤྱི་དང་། ཁྱད་པར་མངྒའི་མཚན་ཅན་ཉིད་ནས་རབ་གནས་སྐབས། གང་ནས་འོང་ཆ་མེད་པའི་ཁམས་མོ་མིང་ཡེ་ཤེས་སྒྲོལ་མ་ཟེར་བ་ཞིག་ནས་གཡུ་ཞིག་ཕུལ་བ། བཟའ་བཏུང་བྱིན་ལ་གང་ལ་འགྲོ་སོགས་དྲིས་ཤོག་གསུངས་པས། བསམ་དགོན་གྱི་འོག་ཙམ་ནས་རླུང་ཚུབ་ཞིག་ཏུ་ཡལ་ཏེ་གར་སོང་ཆ་མེད་པ་ཞིག་བྱུང་ཚུལ་ཡབ་རྗེ་རྡོ་རྗེ་འཆང་ལ་ཞུས་པས་འདི་ནི་ཤིན་ཏུ་དགེ། རབ་གནས་མཛད་པས་ཡེ་ཤེས་པ་དངོས་སུ་འཁོར་རྟགས་ཡིན་གསུངས་ནས། ད་ལྟ་སྣང་བརྙན་འདིའི་ཐུགས་ཀར་གཞུག་པར་མཛད་པ་ངོ་མཚར་ཅན་བཞུགས་པའི་སྟེང་དུ་ཐུབ་དབང་གནས་བཅུའི་ལྷ་ཁང་བཅས་པར་ས་རྒྱན་གནམ་རྒྱན་མཆོད་རྫས་བཅས་ཀུན་གྱི་སྣང་ངོར་གསལ་བ་འདི་དང་། ཉིད་ཀྱི་གཟིམ་ཁང་རབ་བསྒྲུབ་ཏུ་གྲགས་པ་དང་། བྱང་འཁྱུད་བན་ཚང་པའི་ཤག་ཁང་པ་སྟེང་འོག་སོགས་ཀྱང་གསར་སྐྲུན་མཛད་ཅིང་། གཞན་ཡང་བདེ་མཆོག་ཏུ་ཉིད་ཀྱི་བཞུགས་ཡུལ་དེང་སང་སྐུ་སྤར་ཁང་དུ་གྲགས་པ་སོགས་གདན་ས་འདི་ཉིད་ཀྱི་མཛེས་རྒྱན་དང་འཕྲལ་ཕུགས་སུ་མཁོ་བའི་ཁང་བཟང་དུ་མ་