R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༥༣
[A:༥༥༣]བྲག་མཇལ་བར་ཕེབས་ཏེ་མངྒའི་མཚན་ཅན་གང་ནས་གྲུབ་མཚན་བཞག་པར་མཛད་ཚུལ་སོགས་འོག་ཏུ་བདག་ཆེན་ཉིད་ཀྱི་རྣམ་ཐར་སྐབས་རྒྱས་པར་འབྱུང་ཞིང་། དེ་ནས་རིམ་བཞིན་དགོན་སྡེ་རྣམས་ལ་མང་འགྱེད། བསྒྲུབ་གནས་ཁག་བཅས་པར་མཆོད་འབུལ། གནས་གཟིགས་སོགས་དེ་སྐབས་ཀྱི་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་བཞིན་པར་ཆིབས་བསྒྱུར་ཏེ། གདན་ས་ཆེན་པོར་ཕེབས་ཚུལ་རྣམས་གོང་ཆུ་ལུག་བཞིན་མཛད་དམ་སྙམ་ཞིང་། དེ་ནས་ཆུ་སྟག་ལོ་བདག་ཁྲི་ཉིད་དགུང་གྲངས་ང་གཅིག་ཏུ་ཕེབས་པ་རྒྱལ་ཁབ་ཆེན་པོར་རྗེ་ཉིད་ཁྲི་སྐྱོང་དགོངས་ཞུའི་སྙན་སེང་དང་ཆབས་ཅིག་གདུང་སྲས་སྔོན་ལམ་བཞིན་ཆོས་ཁྲི་ཐང་མོ་ཆེ་སོགས་ཁྲི་འདོན་ཞུས་ཆོག་པའི་སྙན་ཞུ་དང་། ས་ཁོངས་ལྷ་སྡེ་མི་སྡེ་བཅས་སོགས་ལ་དྲིལ་བསྒྲགས་ཐོང་གསུངས་པ། མཛོད་པ་སོགས་ནས་ད་ལྟ་སྟོད་ནས་སིང་དམག་གི་སྐད་ཆེ་བ་འདི་འདྲ་ལ། འདི་ལོ་འཐེན་ཙམ་གནང་དགོས་ཞུ་ནན་ཇི་ལྟར་ཕུལ་རུང་ཅིས་ཀྱང་གཏོང་དགོས་གསུངས་ཏེ་མ་གསན་པར་བཏང་བས་དབུས་གཙང་ཁུལ་འདིར་ཚང་མས་འདི་ལོ་དམག་སྐད་འདི་འདྲ་ལ་ས་སྐྱ་པས་མདོས་ཟབ་དང་ཁྲི་འདོན་སོགས་མཛད་གསུངས་ལུགས་ཀྱིས་དམག་མི་ཡོང་བ་ཐག་འདི་ནས་ཆོད་པ་རེད་ཟེར་ཞིང་། རིང་མིན་ཆིངས་བསྒྲིགས་ཤིང་གཞུང་ས་མཆོག་ནས་བཀའ་ལན་ཀྱང་ལེགས་འཁོར་གྱིས་ཁྲི་འདོན་གནང་གཏན་ཁེལ་ཏེ། ཟླ་བ་བཅུ་པའི་ནང་གཡུལ་ཐང་འོང་ལ་དར་འཛུགས་དང་སྐུ་རིམས་བཀའ་འགྱུར་འཕར་མ་ཕུར་བཟློག་དུས་མདོས་ཆེན་མོ་འགྱངས་ཏེ་དེའི་ཚབ་ཏུ་དམར་ཆེན་གཏོར་བཟློག་