R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༥༤
[A:༥༥༤]དང་། འཆར་ཅན་ཞལ་གྱི་གཏོར་བཟློག་བསུས་གནང་དང་རྒྱལ་ཟླའི་ཚེས་གཅིག་ལ་ལྷ་བསངས་རྒྱས་པ་གྲོལ་ནས། ལོ་གསར་བཞུགས་གྲལ་ཟླ་མཇུག་དུས་མདོས་ཆེན་མོ་ཟབ་རེས་ཆོག་སྒྲིགས་དང་། གཉེན་ཆས། གྱོང་ཆས། ཉེར་དགུ་གཏོར་བཟློག་གནམ་གང་ལ་བསྐང་བ་བརྒྱ་ཚར། ཚེས་གཅིག་རྒྱལ་ལོའི་བཞུགས་གྲལ་ཟབ་མ། ཁྲི་ཕེབས་དངོས་གཞི། རྟ་ཟླའི་ཚེས་འགོར་གདུང་སྲས་རྡོ་རྗེ་རིན་ཆེན་མཆོག་དང་མངྒའི་མཚན་ཅན་ཀུན་དགའ་བསོད་ནམས་བཅས་གསུམ་འཇམ་དབྱངས་ས་པཎ་གྱི་ཆོས་ཁྲིར་ཁྲི་འདོན་མཛད་ཚུལ་རྣམས། གོང་མེ་སྟག་ལོའི་ལམ་གཞིར་བཞག་མཛད་པ་སོགས་འོག་རྡོ་རྗེ་རིན་ཆེན་སོགས་ཀྱི་རྣམ་ཐར་སྐབས་ཅུང་ཟད་སྨོས་པ་བཞིན་དང་། དེ་ནས་སྐུ་མཆེད་གསུམ་གྱི་བགྲེས་པ་རྡོ་རྗེ་རིན་ཆེན་ཉིད་ལ་ཁྲི་འཛིན་གྱི་ཁུར་ཕོག་སྟེ། ཡབ་རྗེ་པདྨའི་མཚན་ཅན་རང་ཉིད། ཞབས་ལྷ་ཕོ་བྲང་དང་། སྒྲོལ་སྟེང་དང་། སྐབས་རེ་བསམ་བརླུང་། བདེ་མཆོག་སོགས་ངེས་མེད་དུ་ཕེབས་བཞུད་མཛད་དེ་ཀུན་སྤང་བྱ་བྲལ་བའི་ཚུལ་གྱིས་འཁྲུལ་ཞིག་གི་སྤྱོད་པ་སྐྱོང་བཞིན་པར་བསྟན་འགྲོའི་ཕན་བདེ་འབྱུང་ཆེད། དབང་ལུང་མན་ངག་གནང་བ་དང་། མངོན་ཤེས་དང་གྲུབ་རྟགས་སོགས་ཀྱི་སྒོ་ནས་ཀྱང་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་པར་མཛད་ཚུལ་གོང་གི་གསེབ་ཚགས་རྣམས་སུའང་ཅུང་ཟད་སྨྲོས་པ་ལྟར་དང་། གཞན་ཡང་ཕུར་སྒྲུབ་སློབ་དཔོན་མཛད་སྐབས་ཉེར་དགུའི་ཉིན་པ་ཚོགས་སུ་བསྒྲལ་ལས་སྐབས། ཕགས་རྒྱབ་པ་དང་མཉམ་ཕུར་རྩེ་ནས་དགྲ་བོའི་རྣམ་ཤེས་སྤྲང་བུའི་རྣམ་པ་ལྟ་བུས་ནམ་མཁར་སོང་བ་གཅུང་པོ་ཀུན་རིན་ལགས་ཀྱིས་གཟིགས་