R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༠
[A:༥༠]མཆེད་བདུན། ཀླུ་དབང་ལྷ་ལྔ། ཐུབ་དབང་གནས་བཅུ། འཇམ་དབྱངས་སྨྲ་སེང༌། མི་གཡོ་བ་དཀར་སྔོན། དོན་ཞགས་ལྷ་ལྔ། རྣམ་རྒྱལ་ལྷ་དགུ གཟའ་ཡུམ། དབྱངས་ཅན་དཀར་མོ། སྨེ་བརྩེགས་ལྗང་ནག། བཀའ་གདམས་ལྷ་བཞི་རྣམས་ཀྱི་རྗེས་གནང༌། བྱ་རྒྱུད་རིགས་གསུམ་སྤྱི་དབང༌། གསེར་ཆོས་སེང་གདོང་སྔོན་མོ། ཛམ་སེར་ནག་ནོར་རྒྱུན་མ་རྣམས་ཀྱི་རྗེས་གནང༌། དབྱུ་གུ་མཆེད་གསུམ་གྱི་སྒྲུབ་སྐོར་ལུང༌། མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་སྒྲུབ་སྐོར་ལུང་བཅས། སྤྱོད་རྒྱུད་འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔའི་དབང༌། མི་འཁྲུགས་པ་ལྷ་དགུའི་དབང་ནུབ་གཉིས་མ། རྣལ་འབྱོར་རྒྱུད་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང༌། ཕྱག་རྡོར་འཆི་བདག་འཇོམས་པ་ལྷ་བཅུ་གསུམ་མ། ཀུན་རིག་རྩ་བའི་དཀྱིལ་འཁོར་རྣམས་ཀྱི་དབང༌། རྒྱུད་སྡེ་བཞིའི་ཡི་དམ་གྱི་ལྷ་ཚོགས་ཀྱི་སྐོར་ལ། འཕགས་ཡུལ་གྱི་སློབ་དཔོན་ཨ་བྷྱས་བཀྲལ་བའི་རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་ཞེ་གཉིས་དང༌། ཀྲི་ཡ་ས་མུཙྪ་ནས་གསུང་པའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བསྣན་པའི་དཀྱིལ་འཁོར་ཞེ་ལྔའི་དབང་ཆེན་བླ་མེད་ཕ་རྒྱུད་ལ། འཇིགས་བྱེད་རྭ་ལུགས་རོ་ལངས་བརྒྱད་སྐོར་གྱི་དབང༌། འཇིགས་བྱེད་དམར་པོ་མདའ་བཀང་མའི་དུག་དབང༌། གཤིན་རྗེ་དགྲ་ནག་གི་དབང༌། དབུས་པ་དཔལ་འཛིན་གྱིས་མཛད་པའི་རྟོག་བདུན་གྱི་ཞལ་ཤེས་སོགས་ལས་ཚོགས་འགའ་ཞིག་གི་ལུང༌། ལས་གཤིན་རིགས་གསུམ་གྱི་རྗེས་གནང༌། གཉིས་