R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༥༥
[A:༥༥༥]ཚུལ་གསུངས་པ་དང་། ཡང་སྐུ་གཞོན་ནུའི་དུས་ཕུར་བཟློག་ལས་རིམ་མཛད་སྐབས་ཀུན་རར་འདབ་ལས་ཀྱི་འགུགས་གཞུག་མཛད་སྐབས་རྣམས་སུ་རླུང་ནག་ཧ་ཅང་འཚུབ་པ་དང་། དགུན་ཡིན་ཡང་གཏོར་ཟོར་ཉུང་དཀར་དང་བཅས་པ་སར་ཐིམ་པ་མ་ཟད་ས་ཡང་འཕྱར་བ་དྲུག་བདུན་ཙམ་གཞོམ་པ་སོགས་མཐུ་སྟོབས་ནུས་པའི་མཚན་མ་མཆོག་ཏུ་ངོ་མཚར་བ་སྟོན་པར་མཛད་པ་དང་། གདན་ས་འདིར་ནད་བདག་སྟོབས་འཇོམས་མཛད་སྐབས། གཡའ་ལུང་ཕྱོགས་ཀྱི་མི་ཞིག་ས་སྐྱར་དོན་གཅོད་དུ་ཕྱིན་པའི་མཐོང་སྣང་དུ། བུད་མེད་ཤ་ཁྲག་སྒྱེ་པོ་གང་ཙམ་ཁྱེར་བ་གཉིས་ཕྲད་པ་གང་ཡིན་སྨྲས་པར། ངོས་གཉིས་ས་སྐྱར་ཕྱིན་ནས་འགྱང་ཙམ་སྡོད་བསམས་ཀྱང་ས་སྐྱའི་གོང་མ་ཁྲི་ཆེན་ཞུ་བ་དེས་ལུས་ལ་རྡོ་རྗེའི་མཚོན་ཆ་མང་དུ་བབས་པ་སོགས་བཀའ་བཀྱོན་བྱུང་བས། ད་ནི་མི་འགྲོ་ཀ་མེད་བྱུང་ཟེར་བ་གང་ཡིན་བསམས་ནས་བལྟས་པས་མར་རླུང་འཚུབ་ཅིག་ཏུ་ཡལ་བར་སོང་བ་དངོས་སུ་མཐོང་བ་དང་། ཡང་དེ་རྗེས་ལྷོ་ནས་བྱང་ལ་ཕེབས་སྐབས། ཕེབས་བྱམས་མདུན་དེར་བུད་མེད་གཉིས་ངུ་ཞིང་འགྲོ་བ་དུམ་ཙམ་ནས་ཡལ་བ་དངོས་སུ་བཐོང་བ་མ་མོའི་འཁྲུག་རྟགས་ཡིན་པས་ཞབས་རིམ་རྒྱ་ཆེར་འགྲུབ་དགོས་བཀའ་ཕེབས་བྱུང་ཞིང་། ཡང་སྐབས་ཤིག་གཟིམ་ཟུར་ཐབས་མཁས་ཀྱིས་ལྷུན་གཞིས་འཛིན་སྐབས། རྗེ་ཉིད་གདན་ཞུས་ཀྱིས་བཞུགས་གྲལ་དེར་བླ་མ་ནུབ་པ་གུ་རུ་ཞེས་གྲགས་པའི་སྔགས་པ་ཞིག་ཡོད་པ། རྗེ་ཉིད་ནས་དེ་ཉིན་ངེད་གཉིས་ནུས་པ་འགྲན་པས་ཡང་ན་ཁྱོད་ཀྱིས་སེར་བ་ཕོབ། ངེད་བཅད་ཀྱི། ཡང་ན་ངེད་ནས་ཕབ་ཁྱེད་ཀྱིས་