R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༦༡
[A:༥༦༡]རྒྱལ་མཚན་ནས་སྒྲོལ་འདོན་འཕར་མ་ཞུས་པར་གསོལ་བའི་སྐབས་ཡབ་རྗེ་མཆོག་ནས་རྒྱུན་ཞེས་དབུ་ཞྭ་ཕུད་ནས། བླ་མ་ཁམས་ན་འདུག་རིང་ངེད་ཇི་ཙམ་རྒས་འདུག་གམ་གསུངས་པར། བླ་མས་ཞལ་རྒྱན་ཅུང་ཟད་དཀར་བ་ལས་གཞན་མ་ཤེས་ཞུས། སྒྲོལ་མ་སྐུ་གཉེར་དྲུང་རམས་པ་ཤེལ་དཀར་འོད་ཟེར་དུ་གྲགས་པ་ནས་རང་བཞིན་གྱིས་གླེང་བར་སྐྱབས་མགོན་རྡོ་རྗེ་བགྲེས་རྒུད་དང་བྲལ་བས། རྒས་རྒྱུ་བདག་ཉིད་རྒས་འདུག་གམ་བྱས་པར། དེ་ལན་ནང་ཆེན་བླ་མས་བཞད་གད་དང་སྦྲགས་ཅུང་ཟད་སྐུ་མདོག་སྔོ་ཉམས་ལས། གཞན་བགྲེས་ཉམས་ཆེར་མི་འདུག་བྱས་པར། ཡབ་རྗེ་མཆོག་ནས་ཁྱོད་སྔོ་དང་མི་སྔོའི་ལོ་རྒྱུས་བྲལ་འདུག་ཟ་འབུ་འདྲ་བ་ཁྱེད་མྱུར་དུ་བྱིའུས་བཟའ་བའི་དུས་ལ་བབས་འདུག་པས་ལྟོས་ཤིག་ཡང་ཡང་གསུངས་པ། ཚང་མ་གང་ཞུ་འཚམ་མ་ཐིང་ཐེ་ཚོམ་མེར་ལུས་པ། ཞག་ཤས་ནས་དྲུང་རམས་པ་དེ་སྔོན་དུ་ནད་གཞི་ཆེ་བ་མེད་ཀྱང་ནད་གློ་བུར་བ་ཞིག་བྱུང་སྟེ་ཚེ་ལས་ཡོལ་བ་དང། ནང་ཆེན་བླ་མ་དེ་ཉིད་ལ་ཐོན་ཕྱག་སྐབས་ས་ཞྭ་སྐེ་དར་སོགས་གསོལ་རས་རྒྱ་ཆེ་བ་གནང་སྟེ། གསུང་ལས་ངོས་འཁོན་རིགས་པདྨ་བདུད་འདུལ་དབང་ཕྱུག་ཏུ་གྲགས་པ་བྱ་བ་ལེགས་པར་བྱས་པ་ལ་བདག་རྐྱེན་བྱ་དགའ་སྤྲོད་པ་དང་། ཉེས་པར་བྱས་པ་རྣམས་ལ་ཆད་པ་གཅོད་པ་ངོས་ཀྱི་རྣམ་ཐར་ཡིན་པས་ཁྱོད་ཀྱིས་མ་བརྗེད་པར་གྱིས་ཤིག་གསུངས་པའང་རྗེས་སུ་བརྟགས་ན། ཞིང་བརྗེད་ཟིན་ནས་ཐུགས་སྲས་མངྒའི་མཚན་ཅན་གྱི་དགོངས་བཞེད་བཞིན་སྐྱབས་རྗེ་མཆོག་གི་རྣམ་ཐར་སྒྲིགས་དགོས་པ་འདི་ལ་གསུང་རྒྱུ་ཡིན་འདྲ་གསུངས་པ་སོགས་དེ་