R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༦༠
[A:༥༦༠]གླིང་ན་ཡོད་པས་གཟིགས་ཏེ། ཇོ་ལགས་མ་གི་སྦུག་འདིར་སྐུ་དབང་བཙན་གྲགས་པས་མ་གཏོགས་ཕྱི་འགྱང་ལ་དང་མ་བྱུང་ཀ་མེད་རེད་གསུངས་པར་གྲགས་ཤིང་། ལྷ་མཐིལ་ཁྱམས་སྟོད་དུ་མཇལ་དམངས་སར་རྒྱ་དཔོན་རང་དང་བོད་ཀྱི་བཀའ་བློན་གཉིས། དེ་དུས་ལྷ་མཐིལ་རྟེན་བཤད་སོགས་ཀྱང་ཡབ་རྗེ་པད་མའི་མཚན་ཅན་ཉིད་ནས་གནང་ཞིང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་རྣམ་ཐར་སོགས་ཆོས་དང་འཇིག་རྟེན་གྱི་གསུང་གླེང་མང་དུ་མཛད་པས་རྒྱ་དཔོན་གྱིས་ཀྱང་གུས་པས་བཏུད་དེ། རྗེ་ཉིད་སོགས་ལའང་སྐྱབས་རྟེན་འདུས་ཚོགས་ལ་མང་ཇ་དང་གསེར་འགྱེད་བཏང་བར་གྲགས་པ་སོགས་རང་ཅག་ཚུར་མཐོང་གདུལ་བྱའི་སྣང་ངོར། མཐུ་ནུས་དང་རྫུ་འཕྲུལ་རྟེན་ཚུལ་སྒྲོ་སྐུར་དང་བྲལ་བ་མངོན་སུམ་ཚད་མས་གྲུབ་པ་རགས་ཙམ་དང་། གཞན་ཡང་གསང་ཆབ་དང་ལྗགས་སྔགས་བགེག་སྐྲོད་སོགས་མཛད་པས་ནད་ལས་གྲོལ་བ་སོགས་ནི་དཔག་ཏུ་མེད་ཅིང་འདིར་ཡི་གེ་མང་བས་མ་བཀོད་པ་དང་། བསམ་ན་ཤེས་པའི་མངོན་ཤེས་ཀྱིས་མ་འོངས་མངོན་པར་མཁྱེན་པ་ལུང་བསྟན་ཚུལ་ཡང་སྐུ་གཞོན་ནུའི་དུས་ནས། གཞན་གྱིས་ལྐོག་ཏུ་ཅི་བྱས་ཐབས་ཅད་མངོན་ཤེས་ཀྱིས་སྒྲིབ་མེད་དུ་མཁྱེན་ཏེ་ཚམ་ཚོམ་མེད་པར་གསུངས་པས་ཐམས་ཅད་འཇིགས་ཞུམ་མེ་བ་སྡོད་དགོས་པ་གླེང་བ་དང་། དུས་ཕྱིས་དེ་འདྲ་གསུངས་པ་མང་བས། ཚང་མ་ཐོག་ཏུ་ཁེལ་བ་ཡོང་ཚུལ་དཔེར་མཚོན་ན། ཕྱིས་སུ་ཡབ་རྗེ་འདི་ཉིད་སྒྲོལ་མ་ལྷ་ཁང་དུ་ཚེ་ཆོག་སྒྲོལ་འདོན་རྒྱུན་འདོན་བཞི་གྲྭ་དང་མཉམ་འདོན་མཛད་སྐད་ལ། དེ་ལྟའི་སྐབས་ནང་ཆེན་བླ་མ་དཔལ་བཟང་