[A:༥༡]མེད་རྒྱུད་གུར་ནས་གསུངས་པའི་སོར་འཕྲེང་དཀར་མོ། དུས་འཁོར་ནས་གསུངས་པའི་རྡོ་རྗེའི་ཤུགས། སྣ་ཚོགས་ཡུམ་རྣམས་ཀྱི་རྗེས་གནང༌། ཐུན་མིན་སྐོར་ཀྱཻ་རྡོར་རྒྱུ་ལམ་གྱི་དབང༌། བཀའ་བབས་བཞི་གྲས་དགེས་རྡོར་ནག་པོ་ལུགས་ཀྱི་དབང་ཆེན། གུར་མགོན་གྲི་གུག་ལྷ་ལྔ་སིནྡྷུ་ར། རྒྱ་གཞུང་གཉིས། ལྷ་བརྒྱད། ལྷ་བཅུ་གཉིས་ཀྱི་ལྗང་ལུགས། ལྷ་བཙུན་མ་སྟེ་བཀའ་བབས་བཞིར་གྲགས་པའི་དབང་ཆེན་བཅས་གསན། དགེས་རྡོར་བསྐྱེད་རིམ་རྣམ་བཤད་ཆོས་རྗེ་དཔལ་ལྡན་བཀྲ་ཤིས་ཀྱིས་མཛད་པའི་བཀླགས་པས་ཀུན་ཤེས་ཀྱི་ལུང༌། མགོན་པོད་མེ་འབར་མའི་ཆོས་སྐོར་ཆ་ཚང་གི་ལུང༌། གསེར་ཆོས་མཁའ་སྤྱོད་སྐོར་གསུམ་གྱི་བྱིན་རླབས། གསེར་ཆོས་དམར་མོ་སྐོར་གསུམ་ངོར་ལུགས་ཀྱི་རྗེས་གནང་གསེར་ཆོས་དམར་ཆུང་སྐོར་གསུམ། གསེར་ཆོས་ཚེ་དཔག་མེད་སྤྲུལ་སྐུ། གསེར་ཆོས་རྡོ་རྗེ་ཁྱུང་ཁྲ་རྣམས་ཀྱི་རྗེས་གནང༌། རྫོང་ཆུང་ལུགས་སྔགས་འཆང་གཟུངས་དཔལ་བས་བསྒྲིགས་པའི་ཁྱུང་པོད་ཀྱི་ལུང༌། མདོ་སྔགས་སྣ་ཚོགས་པའི་གཟུངས་འདུས་ཀྱི་ལུང༌།
རྙིང་མའི་སྐོར་ལ། ཚེ་རྟ་ཟུང་འབྲེལ་གྱི་དབང༌། གྲ་མངོན་ཛམ་དམར། ཕྱག་རྡོར་གཏུམ་པོ་ཁྱུང་ལྔ་མྱུར་ལུགས་གུར་དྲག། རྟ་མགྲིན་གསང་སྒྲུབ་རྣམས་ཀྱི་རྗེས་གནང༌། ཚེ་དབང་ལྕགས་སྡོང་མ་དང་པདྨ་བཀའ་ཐང་གི་ལུང༌། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་བཀའ་འབུམ་རྣམས་ཀྱི་ལུང་སོགས་མང་དུ་གསན། གནས་གསར་རྡོ་རྗེ་འཆང་ངག་དབང་ཀུན་