R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༦༧
[A:༥༦༧]ལས། གཞན་པའི་ལོ་ཟླ་དུས་ཚོད་འདི་སོགས་ཞིབ་ཆ་རྣམ་ཐར་མ་མོར་ཡང་མེད་འདུག་པས། འགའ་ཞིག་ལྟར་མེད་པར་ཡོད་དང་ཡོད་པར་མེད་སོགས་ཧམ་བཤད་བགྱིས་ཚེ་རྒྱུ་འབྲས་ལ་བསྐུར་འདེབས་གནས་སུ་ལྷུང་དོགས་དེ་ཙམ་ལ་བསྡུས་ནས། མཐར་དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་ནི། རྗེ་ཉིད་དགུང་གྲངས་རེ་གཉིས་པ་ཆུ་གླང་ལོ་ཤར་ནས་རྗེ་ཉིད་སྐུ་ཁམས་ཤིན་ཏུ་ཉོག་པ་ཐུགས་སྲས་མངྒའི་མཚན་ཅན་ཉིད་ནས་མཁའ་འགྲོ་བསུན་བཟློག་དང་། བརྟན་བཞུགས་འབུལ་གནང་སོགས་མཛད་ཅིང་། ཞབས་པད་བསྐལ་བརྒྱར་བརྟན་ཐུབ་པའི་གསོལ་འདེབས་ནན་དུ་མཛད་ཅིང་མཁན་ཆེན་རྡོ་རྗེ་འཆང་བཀྲ་ཤིས་ཆོས་འཕེལ་འདི་ཉིད་གྲྭ་རྐྱང་སྐབས་སོགས་ཞལ་སློབ་ཁ་རེ་ནས་ཀྱང་ཞབས་པད་བརྟན་དགོས་ཚུལ་ནན་བཤད་བགྱིས་པ་ན། ད་ལམ་མཁའ་འགྲོ་བསུ་བཟློག་འདི་ཡང་བརྟགས་དཔྱད་དགེ་བ་བཅས་གང་ལྟར་འདི་ལོ་སྡོད་ཀྱི་གསུངས་ནས་ཞལ་བཞེས་གནང་། དེ་བཞིན་མཁན་ཆེན་བཀྲ་ཤིས་ཆོས་སོགས་ཞལ་སློབ་རྣམས་ལའང་སྔོན་གྱི་བླ་མ་གོང་མ་རྣམས་འཇའ་ལུས་གྲུབ་པར་ཤས་ཆེ་བར། ངེད་ཀྱང་འཇའ་ལུས་ཞིག་ནི་སྒྲུབ་འདོད་ན་ལོ་བཅུ་གཅིག་ཙམ་དགེ་སྐྱོན་མི་ཡོང་གསུངས་ཀྱང་། ཡང་ཏིག་ལོ་གཅིག་བཞུགས་རྒྱུ་གནང་། ངོས་སྙུང་གཞི་རྣམས་སིང་དྭངས་ཀྱི་ཚུལ་མཛད་དེ། གསུངས་ལས་ངེད་དང་ཁྱེད་ཚོས་སྒོར་བའི་མཆོག་དེ་ལས་ལོད་པ་མྱུར་དུ་གོ་བ་འདུག་གོ་ཞེས་ཡང་ཡང་གསུངས་པ་འགྱངས་ཙམ་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བློ་བཟང་བསྟན་པའི་ཉི་མ་གདུལ་བྱ་རྣམས་བསོད་ནམས་དམན་པས་