R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༧༡
[A:༥༧༡]གཉིས་སྔ་དྲོའི་སྟེང་གི་བཞུགས་གཡབ་ཏུ་རྒྱུན་བཞིན་ཕེབས་བསྐུལ་ཞུས་པ་ལ་དེ་རིང་རང་རེ་བཞུགས་གཡབ་ཏུ་མི་འགྲོ་གསུངས་ནས་མ་ཕེབས། དེ་ཚེ་བདག་ཁྲི་མངྒའི་མཚན་ཅན་མཆོག་ནས། དེ་འཕྲལ་ཞབས་དྲུང་དུ་ཕེབས་པ་ན་གཅུང་སྐུ་ཁམས་རྙོག་པར་གནང་ཡང་རང་བཞིན་གྱི་གསུང་གླེང་སྣ་ཚོགས་པའི་གནས་ཚུལ་ཁོ་ན་གསུངས་པའི་རྗེས། ཐུགས་སྲས་དམ་མངྒའི་མཚན་ཅན་ཉིད་གཞི་ཐོག་ཕོ་བྲང་དུ་བྱོན་པར་ཆས་པ་ན། ཡབ་རྗེ་དུས་གསུམ་སྒྲིབ་མེད་དུ་གཟིགས་པ་དེ་ཉིད་ཀྱི་བཀའ་ལས། སྤྱིར་དུས་དེང་སང་སྙིགས་མ་ལྔ་བདོ་བའི་དུས་སུ་སོང་བས་ཡུལ་ཁམས་བདེ་མིན་ཀྱང་སྣ་ཚོགས་ཡོང་བ་མ་ཟད། ཁྲི་ཆེན་བསྟན་པ་སྤྱི་དང་བྱེ་བྲག་གི་དོན་ལ་ཐུགས་ཁུར་ཧ་ཅང་ཆེ་བས་ཅུང་ཟད་འོ་བརྒྱལ་ཆེ་བ་ཡོང་འདྲ་སེམས་ཀྱང་། སྔོན་བྱོན་དམ་པ་གོང་མ་རྣམ་ཐར་བཞིན་ཐུགས་ངལ་མ་མཛད་པ་བསྟན་པའི་ཞབས་ཏོག་ཧུར་བསྐྱེད་གྱིས་ཤིག་ཞེས་པ་སྐུ་ཚེ་འདི་ཉིད་ཀྱི་གསུང་གི་མཐའ་མར་བཀའ་བསྩལ་བས་ཐུགས་མུག་མགུལ་བརྣང་བཞིན་དུ་ལྷ་ཕྱག་དང་བཅས་དེ་ལྟར་ཞུས་ཆོག་པ་ནས་སྐྱབས་རྗེ་ཉིད་ད་དུང་བདག་སོགས་བསྟན་འགྲོའི་དོན་དུ་ཞབས་པད་ཡུན་བརྟན་ཐུགས་བསྐྱེད་མི་ལྷོད་པ་ཞུས་གནང་ལ། ངེད་ན་སོ་རྒས་ཤིང་འཁོགས་པ་འདི་རྐང་བདེ་ལུས་བདེ་རྣམ་རིག་གྲུང་བའི་བྱིས་པ་ཞིག་ངེས་པར་འདོད་ཅིང་། ཁྲི་ཆེན་ཉིད་ཀྱང་ཁྲི་ཐོག་ཏུ་བཞུགས་རིང་གང་ཅིར་ལམ་འགྲོ་ཆེ་བ་ཡོང་ངེས་ཀྱང་། འོན་ཀྱང་ཁྲི་ཐོག་ཏུ་རྒྱུན་རིང་རང་མ་བྱེད་གསུངས་ཏེ། གཞན་གྱིས་མ་མངོན་པའི་ལོ་གྲངས་ཞིག་ལུང་བསྟན་ཀྱང་གནང་ཚོད་བཅས་བདག་ཁྲི་