R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༧༣
[A:༥༧༣]མཛད་ཅིང་། དེའི་སང་ནས་བཟུང་ཉིན་གསུམ་གྱི་རིང་། གདན་གཞུང་། བླ་བྲང་ཁག ཆོས་སྡེ་ལྷོ་བྱང་། ཉེ་འཁོར་ཆབ་འབངས་སོགས་ནས་དགེ་འདུན་བཞི་གྲྭ་རེ་ཙམ་གདན་ཞུས་ཀྱིས་བླ་མཆོད་ཆོ་ག་མཆོད་སྤྲིན་རབ་འབྱམས་གདུང་མཇལ་བཅས་ཞུས་ཤིང་། དེ་སྐབས་ཞིང་གཤེགས་གང་དེའི་སྔོན་སྲོལ་བཞིན་རྒྱུན་གཏན་ཐུགས་དམ་གང་མཛད་རྣམས་གསལ་འདེབས་ཞུ་པོ་དམ་པ་གང་ཉིད་ཀྱི་དབུ་བླ་སྨོན་ལམ་བཟང་པོས་མཛད་པ་དང་། སྐུ་གདུང་རིན་པོ་ཆེར་མཆོད་འབུལ་ཁྲུས་གསོལ་སོགས་ཀྱང་ཡང་ཡང་འབུལ་བར་མཛད་སྐབས། སྐུ་གདུང་དེ་ཉིད་ཉིན་རེ་བཞིན་ཇེ་ཆུང་དུ་གྱུར་སྐབས་དཔོན་སློབ་ཀྱིས་དེ་ཉིད་ཀྱི་སྐུ་གདུང་རིན་པོ་ཆེ་རིང་བསྲེལ་གྱི་ཕུང་པོ་བསྟན་འགྲོའི་ཞིང་མཆོག་དམ་པར་བཞུགས་པར་གསོལ་བ་བཏབ་པས། མཐར་ཁྲུ་གང་ཙམ་ཞིག་བཞུགས་པ་དེ་ཉིད། ཟླ་དེའི་ནང་མཆོད་ཚོགས་སེར་ཕྲེང་བཅས་ཀྱིས་སྤྱན་དྲངས་ཏེ་དབུ་རྩེར་འཇམ་དབྱངས་གཟི་འོད་འབར་བའི་སྐུ་གམ་དུ་མཆོད་སྤྲིན་རྒྱ་མཚོས་བརྒྱན་པས་རྒྱུད་སྡེ་ནས་གསུངས་པའི་དུས་མཐའི་ཆོ་གའི་སྒོ་ནས་བྱིན་ཟར་ཞུགས་སྦྱངས་མཛད་ཅིང་། དེ་བར་ཐུགས་སྲས་ཡབ་རྗེ་དམ་པར་གསོལ་འདེབས་ཚིག་དོན་བྱིན་རླབས་ཁུལ་ཉམས་ཆེ་བ་འདི་ཉིད་ཞལ་འདོན་དང་སྐུ་ཕྱག་གྲངས་མེད་མཛད་ཚུལ་དང་དེ་ཚེ་སྤུར་སྦྱོང་ཡམ་ཤིང་ཡང་ཙན་དན་དཀར་དམར་ཨ་ཀ་རུ་སོགས་ཁོ་ནས་མཛད་ཅིང་ས་ཕྱོགས་ཐམས་ཅད་དྲི་བཟང་གིས་ཁྱབ་པ་དང་། ནམ་མཁའ་འཇའ་འོད་ཀྱིས་གང་བ་སོགས་བྱུང་ཞིང་། ཞུགས་སྦྱངས་ཟིན་ནས་སྤུར་ཁང་གི་མཐའ་མར་མཆོད་