R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༢
[A:༥༢]དགའ་ལེགས་པའི་འབྱུང་གནས་ཐེག་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ལས། ཐོག་མར་རྒྱུའི་ཐེག་པའི་སྐོར་ལ། འདུལ་བའི་ལས་ཆོག་དང་ཞར་བྱུང་ཁྱིམ་པ་ལ་ཕན་གདགས་པ་དང་བཅས་བུ་སྟོན་གྱིས་མཛད་པ་དང༌། སོ་ཐར་སྡོམ་རྒྱུན་བརྒྱུད་འདེབས་གོང་ས་ལྔ་པས་མཛད་པ་རྣམས་ཀྱི་ལུང༌། ཚད་མདོ་དང་རྣམ་ངེས་ཚད་མ་ཀུན་ལས་བཏུས་པ་སློབ་དཔོན་ཕྱོགས་གླང་གིས་མཛད་པ། ཚད་མ་རྣམ་འགྲེལ་ཆོས་གྲགས་ཀྱིས་མཛད་པ། ཚད་མ་རིགས་གཏེར་རྩ་འགྲེལ་ས་པཎ་གྱི་གསུང༌། སོ་ཐར། མདོ་རྩ་བ་ཡོན་ཏན་འོད་ཀྱིས་མཛད་པ། སློབ་དཔོན་ཤཱཀྱ་འོད་ཀྱི་འདུལ་བ་སུམ་བརྒྱ་པ། དེའི་རང་འགྲེལ་འོད་ལྡན། དགེ་འདུན་བཟང་པོའི་ཀ་རི་ཀ་ལྔ་བཅུ་པ། དགྲ་བཅོམ་པ་ས་ག་ལྷས་བྱས་པའི་འདུལ་བ་མེ་ཏོག་ཕྲེང་རྒྱུད་མགོན་པོ་བྱམས་པས་གསུངས་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྡེ་ལྔ༌། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དབུ་མ་རྩ་འཇུག་བཞི་གསུམ། རིག་པ་དྲུག་ཅུ་པ། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག ས་སྐྱ་པནྜི་ཏའི་སྡེ་སྣོད་རྒྱུད་སྡེའི་ངེས་གསང་སྡོམ་གསུམ་རབ་དབྱེ་སྟེ་སྔོན་དུས་སུ་གྲགས་པའི་པུ་ཏི་གྲགས་ཆེན་བཅོ་བརྒྱད་ཀྱི་ལུང༌། མདོ་རྒྱན་གཉིས་ལྟ་བའི་ས། བསླབ་སྤྱོད་སྤྱོད་པའི་ས། སྐྱེས་ཚོམས་དད་པའི་ས་སྟེ་བཀའ་གདམས་གཞུང་དྲུག་དང༌། འཕགས་ཡུལ་གྱི་ཆོས་རྒྱལ་དགེ་དབང་གིས་མཛད་པའི་བྱང་ཆུབ་སེམས་དཔའི་སྐྱེས་རབས་དཔག་བསམ་འཁྲི་ཤིང༌། དེའི་སྲས་ཟླ་བའི་དབང་པོས་མཛད་པའི་ཁ་སྐོང་དང་བཅས་པ་