R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༨༠
[A:༥༨༠]ཡང་གལ་ཏེ་གསན་མེད་ཚེ་དེའི་ནང་ནས་དྲང་སྲོང་ལོག་ཏྲི་པ་ལིའི་སྲོག་གཏད་བཅས་སྐུ་མཆེད་གཉིས་ཆར་ནས་ངེས་གསན་དང་ཡུམ་མཆོག་སྐལ་བཟང་བདེ་སྐྱིད་བུ་ཁྲིད་ལས་བོ་དོང་ལུགས་སེང་གདོང་ཉེར་ལྔའི་དབང་ལུང་གསན་པ་བཅས་དང་། ས་ཆེན་ཀུན་དགའ་བློ་གྲོས་ཀྱི་ཞལ་སྔ་ནས། གསུང་ངག་རིན་པོ་ཆེ་གསང་ཆེན་སློབ་བཤད་ཀྱི་གདམས་པ་གདུལ་བྱ་སྐལ་ལྡན་འགའ་ཞིག་ལ་སྩོལ་སྐབས། དག་སྣང་དུ་རྗེ་ཉིད་ལ་ཞལ་སློབ་ཏུ་ཀ་གཞི་གདུང་བརྒྱད་བྱུང་བ་ལྷ་བླས་དངོས་སུ་ལུང་བསྟན་པ་བཞིན་གདན་ས་འདི་ཉིད་དུ་གསང་ཆེན་སློབ་བཤད་ཀྱི་ཀ་བ་འདེགས་པའི་ཁུར་བཟོད་པ་རྗེ་བཙུན་རྡོ་རྗེ་བདག་མེད་མ་ཉིད་མི་མོའི་ཚུལ་ཅན་རྣམ་པ་སྡོམ་བརྩོན་ངུར་སྨྲིག་གི་གོས་ཀྱིས་མཛེས་པ་རྗེ་བཙུན་རྣལ་འབྱོར་དབང་མོ་འཆི་མེད་བསྟན་པའི་ཉི་མའི་ཞལ་སྔ་ནས་ལས། གཙོ་བོ་གསུང་ངག་རིན་པོ་ཆེ་གསང་ཆེན་སློབ་བཤད་ཆོས་སྐོར་ཆ་ལག་དང་བཅས་པ་འཇམ་མགོན་ཀུན་བློའི་གསན་ཡིག་བཞིན་ཡབ་རྗེ་སྐུ་མཆེད་གཉིས་ཆར་དཔོན་སློབ་ཀུན་བཀྲས་བཅས་ནས་གསན་ཚུལ་འདི་ལ་བརྟགས་ན། དཔོན་སློབ་ཀུན་བཀྲས་ནས་ས་ཆེན་ཀུན་བློ་ལས་སློབ་བཤད་མ་གསན་པ་ཡིན་ནམ་བརྟག། གཞན་ཡང་བིརྺ་པའི་ལམ་འབྲས་ཆུང་བ་གྲགས་པ་གཤེད་དམར་ལྷ་ལྔའི་དབང་དང་ཤིན་ཏུ་སྤྲོས་མེད་ཀྱི་ཉམས་ཁྲིད་རྒྱབ་རྟེན་ལུང་དང་བཅས་པ། རྭ་ལུགས་འཇིགས་བྱེད། རྭ་ཁྲིད་དབང་བྱིན་རླབས་རྗེས་གནང་ལས་གཤིན་རིགས་གསུམ་འཁོར་མང་རྣམས་ཀྱི་རྗེས་གནང་། རྭ་སྤོས་དཀར་ཆག་ཟིན་པ་དང་མ་ཟིན་པ་དཔལ་འཛིན་པོད་ཆུང་གི་ལུང་བཅས་