[A:༥༣]རྣམས་ཀྱི་ལུང༌། རྨོར་ཆེན་ཡིག་སྟེང་ནས་དབུ་མ་ལུགས་ཀྱི་སེམས་བསྐྱེད། ཡངས་ཅན་མཁན་པོ་བྱམས་པ་ངག་དབང་རྣམ་རྒྱལ་གྱི་ཡིག་སྟེང་ནས་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱི་བློ་སྦྱོང་གསུང་བགྲོས་མར་གྲགས་པའི་ལུང༌། སུམ་པ་ལོ་ཙཱ་བའི་བློ་སྦྱོང་སྙན་རྒྱུད་ཀྱི་ཁུང་ཁྲིད། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་དང༌། མུས་ཆེན་སེམས་དཔའ་ཆེན་པོ་གཉིས་ཀྱིས་བསྒྲིགས་པའི་བློ་སྦྱོང་གླེགས་བམ་གྱི་ལུང༌། གཞོན་ནུ་རྒྱལ་མཆོག་པའི་བློ་སྦྱོང་ལེགས་བཤད་ཀུན་འདུས། ལྕེ་སྒོམ་གྱིས་ཕྱོགས་གཅིག་ཏུ་བསྡུས་པ་བཀའ་གདམས་ཐོར་བུར་གྲགས་པ་རྣམས་དང༌། པོ་ཏོ་བའི་དཔེ་ཆོས་རིན་སྤུངས་འགྲོ་མགོན་དཔལ་ཡེའི་གཏམ་རྒྱུད་རིན་ཕྲེང༌། ལྕེ་སྒོམ་ཤེས་རབ་རྡོ་རྗེའི་མན་ངག་རིན་སྤུངས་རྣམས་ཀྱི་ལུང༌། ས་སྐྱ་པ་ཆེན་པོས་འཇམ་དབྱངས་ལ་དངོས་སུ་གསན་པའི་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་གདམས་ཁྲིད་དང༌། ཡིག་སྐོར་རྣམས་ཀྱི་ལུང་དང་བཅས་པ། ས་འཇམ་སྦགས་སྒྲུབ་ཀྱི་བྱིན་རླབས་དང༌། དེའི་སྒྲུབ་སྐོར་རྣམས་ཀྱི་ཡིག་ལུང༌། ཇོ་བོའི་ཆོས་འབྱུང་བརྒྱ་རྩར་གྲགས་པ་རྣམས་གླེགས་བམ་ཡོངས་རྫོགས་ཀྱི་ལུང༌། གཅོད་ནམ་མཁའ་སྒོ་འབྱེད་ཀྱི་བྱིན་རླབས་དམིགས་ཁྲིད་དང་བཅས་པ། དམ་པས་མཛད་པའི་འཁྱུད་གཅོད་དཀར་ནག་ཁྲ་གསུམ་ཚང་མའི་ལུང༌།
གཉིས་པ་འབྲས་བུའི་ཐེག་པའི་སྐོར་གསར་རྙིང་གཉིས་ལས། ཐོག་མར་གསང་སྔགས་གསར་མ་བྱ་རྒྱུད་ལ་སྨན་བླ་མཆེད་བདུན་གྱི་རྗེས་གནང༌། གོང་