R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༨༤
[A:༥༨༤]གཉིས་སུ་མ་ཟིན་ཙམ་དེར། དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་ཆེན་མོའི་ཚོགས་དབུས་སྔོན་བྱོན་དམ་པ་གོང་མའི་གསུང་རབ་ལེགས་བཤད་ཀྱི་སྐྱེས་སྙན་ཚིག་གི་ལམ་ལས་དྲངས་པས་གཟུར་གནས་རྣམས་ཀྱི་སྙིང་གི་པདྨོ་ཆེས་ཆེར་བཞད་པར་མཛད། དེ་མཚམས་ནས་དམ་པ་གོང་མའི་ཕྱག་སྲོལ་མདོས་ཆུང་དུ་གྲགས་པ་མགོན་པོ་ཁྲོ་བཅུ་དང་དྲུག་བཅུ་མ་སྐུ་རིམ་ཆེན་མོར་གྲགས་པའི་ཕུར་བཟློག་དུས་མཆོད་མདོ་སྡེ་ལྷ་མཆོད་དུ་གནོད་སྦྱིན་ཙིའུ་དམར་པོའི་གཏོར་བཟློག་རྣམས་སྔོན་དུ་བསྙེན་པ་ཁ་གསོ་ཞག་བདུན་རེ་གནང་། དངོས་གཞི་གཏོར་བཟློག་རྣམས་ཤར་སྦྱངས་ཙམ་མ་ཡིན་པར་རྫས་སྔགས་དམིགས་པ་ཏིང་ངེ་འཛིན་དང་ལྡན་པས་སྔོན་བྱོན་གོང་མའི་ཕྱག་ལེན་མཚམས་ཚུལ་དབྱངས་རོལ་གར་འཆམ་མཚན་ཉིད་དང་ལྡན་ཞིང་། བརྗིད་ཆགས་པ་དམ་ཅན་རྣམས་མཉེས་ཤིང་དགྲ་བགེགས་སྐད་ཅིག་ལ་སྤ་བཀོང་བ་མཛད་པ་དང་། དེ་མཚུངས་ལོ་མཇུག་དཔལ་མགོན་ཞལ་བཞི་པའི་སྒྲུབ་བསྙེན་ཟླ་བ་གཉིས་ཙམ་སྔོན་འགྲོའི་རྒྱལ་ཟླའི་མཇུག་ཟོར་འཕེན་ལུགས་མཐུན་བཀའ་དྲིན་བསྐྱངས་བ་དང་། དེ་ནས་བསམ་བརླིང་དུ་དམག་ཟོར་མའི་གཏོར་བཟློག་དང་། ལྷ་མོ་རྗེ་ཁོལ་ཟུང་གི་མདོས་སྒྲུབ་དེ་ནས་གཉན་མགོན་གྱི་དམ་ཚིག་བསྐང་བ་བཅས་ཀྱི་སློབ་དཔོན་རྣམས་རིམ་མཛད་ཀྱི་ཕྱག་ལེན་སོགས་བསྟན་པའི་མིག་རྒྱན་ལ་ཕན་པར་མཛད། དེ་ནས་ཕུར་སྒྲུབ་དང་དུས་མདོས་ཆེན་མོ་སོགས་ཀྱི་སློབ་དཔོན་རིམ་བཞིན་མཛད་དམ་སྙམ། དེ་ནས་དགུང་གྲངས་ཉེར་བརྒྱད་པ་ཆུ་ལུག་ལོ་ལྷ་ལྡན་རྒྱལ་ཁབ་ཆེན་པོར་གཅེན་པོ་