R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༨༧
[A:༥༨༧]དམར་ཁྱུང་ཁྲ་ནག་སོགས་བསྙེན་མཚམས་མཛད་སྐད་ལ། གུར་དྲག་བསྙེན་མཚམས་རིག་འཛིན་ཕོ་བྲང་དུ་གནང་ཚོད་ཀྱི་ཁ་སྐོང་སྦྱིན་སྲེག་སྐབས་ཉིན་ཅིག་ལྷ་ཆེན་ལྕགས་རི་སྟེང་ཕེབས་སྐབས་ཤིག་གཤམ་གྱི་ཉི་ཟླ་དགེ་ལེགས་ཞེས་པའི་གླིང་དེར་དམར་སྐྱུར་ཐབ་གཞོབ་ཅུང་ཟད་ཤོར་ཀྱང་རྨ་ཤུ་སོགས་ཀླུ་ནད་ཚབས་ཆེན་གཏོང་སའི་ཀླུ་བདུད་གདུག་པ་ཅན་ཞིག་གནས་པའི་རྟེན་ཁང་འགྲམ་དེར་དངོས་སུ་གཟིགས་པ་ཁྲོ་བོའི་ང་རྒྱལ་གྱིས་ས་ཕག་ཆག་དུམ་ཞིག་འཕང་པར་མཛད་པ་ཀླུ་དེ་བྲོས་ནས་ཁང་གཟུགས་དེར་ཐིམ་སོང་བ་དང་། ས་ཕག་གྱིས་ཀྱང་རྗེས་བསྙེགས་ཏེ་ཀླུ་ཁང་དེར་དངོས་མེད་ཐིམ་པ་ནས་བཟུང་། དེང་སང་གི་བར་ལ་ཀླུ་བདུད་ཀྱི་གནོད་མིང་ཡང་མི་གྲགས་པ་སོགས་གྲུབ་མཚན་ཀྱང་མང་དུ་མཛད་པ་དང་། དེ་སྐབས་བསྟན་འགྲོའི་དོན་སོགས་ལ་སྟོད་མངའ་རིས་སྐོར་གསུམ། རྒྱ་ཉི་མའི་ཚོང་དུས། སྟོད་སྒར་དང་། ཏི་སེ་མ་ཕམ་གཡུ་མཚོ་གཟིགས་པ་ཞབས་བསྐོར་སོགས་ལ་ཐེངས་འགའ་རེ་ཆིབས་འགྲུལ་གནང་བ་དང་། དེ་སྐབས་ཕུན་ཕོ་བཀའ་འགྱུར་དུ་གྲགས་པ་གདུང་བརྒྱུད་རྣམས་དང་ཆོས་སྡེ་ལྷོ་བྱང་ཚོགས་ཡོངས་རྣམས་ནས་རྒྱལ་གསུང་བཀའ་མདོ་རྒྱུད་ཚང་མ་ཀློག་འདོན་གདུང་བརྒྱུད་རྣམས་དང་བན་ཚང་པས་དམག་ཟོར་རྒྱལ་མོའི་གཏོར་སྒྲུབ། མཁན་པོ་དྲུང་རམས་པ་སོགས་ནས་བྱ་རྒྱུད་ཚེ་དཔག་མེད་སྒྲུབ་མཆོད་ཟུར་བཞུགས་བགྲེས་པོ་རྣམས་དང་། བྲག་སྐྱེད་རྣམས་ནས་ཉང་ལུགས་གུ་རུ་དྲག་དམར་གྱི་སྒྲུབ་མཆོད་སོགས་སྔ་ཕྱིར་བཀའ་འགྱུར་དང་བསྟུན་ནས་ཉིན་བཞིར་མཛད་སྲོལ་