R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༨༨
[A:༥༨༨]འདི་བཞིན་གསར་འཛུགས་ཀྱི་བསྙེན་བཀུར་མཆོད་སྤྲིན་སོགས་ཟབ་ཏུ་མཛད་པ་དང་། ཟོར་འཕེན་ཉིན་སྔོན་དུས་དམག་ཟོར་གཙོ་མོ་དང་དུས་བཞི་ལྷ་མོ་ཙམ་ལས་མེད་ཚུལ་ཟེར་བ་འཁོར་གཞན་རྣམས་རྗེས་སུ་འཕར་བར་མངོན། འདི་སྐབས་ཙམ་ལ་ཞབས་ལྷའི་བཀའ་འགྱུར་དུ་གྲགས་པ་ད་ལྟ་ས་གཞུང་ནས་གཏོང་བ་རྒྱལ་ཆེན་བསེ་ཁྲབ་པའི་གཏོར་བཟློག་འདི་ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག་གི་སྐུ་དུས་ལ་བྱུང་ཞིང་། གཞན་ཡང་དེ་སྐབས་ཙམ་ལ་རིག་འཛིན་ཕོ་བྲང་གི་བཀའ་འགྱུར་ཞེས་པ་དང་། དེའི་མཇུག་ཙམ་ལ་ཕུན་ཚོགས་གླིང་གི་བཀའ་འགྱུར་ཞེས་པ་ཟླ་དུས་ཀྲིག་ཆར་མ་ངེས་པར་བྱུང་ཚོད་དུ་འདུག འདི་སྐབས་ཙམ་ལ་ཕུན་ཕོའི་གསོལ་དཔོན་ནོར་བུ་ཟེར་བ་དང་། ཕུན་གླིང་གསོལ་དཔོན་ཐོགས་མེད་ཆོས་འཕེལ་བཅས་ནས་དོ་དམ་བགྱིས་ནས་ད་ལྟ་ལྷ་ཆེན་ཁྱམས་ལྷོ་བྱང་གི་ལྕམ་གྲ་འདི་རྣམས་དང་ཟངས་ཁྲ་བཅས་པར་ཉམས་གསོ་གསར་བཞེངས་འདྲ་བར་གནང་ཚོད་དང་ཁྱམས་སྟོད་ཀྱི་ཚེས་ལྷ་སྐོར་གསུམ་གྱི་དངུལ་སྐུ་འདི་རྣམས་གསར་བཞེངས་ཀྱི་ནང་གཟུངས་རབ་གནས་བཅས་རྒྱས་པར་བསྩལ་བ་ཡིན་འདུག རིགས་སྲས་ཀྱང་བདག་ཆེན་ཀུན་དགའ་བསོད་ནམས་སྐུ་མཆེད་རྗེ་བཙུན་སྐུ་མཆེད་གསུམ་ལ་སོགས་པ་འཁྲུངས་ཚུལ་སོགས་འོག་ཏུ་རིམ་བཞིན་བྱུང་ཞིང་། གསུང་ཆོས་སྔ་ཕྱི་བསྩལ་བ་ཡང་གསུང་ངག་ལམ་འབྲས་ནི་གནང་ཚུལ་མེད་འདུག་པ་དང། གཞན་པའི་ཀྱཻ་རྒྱུད་ལམ་གྱི་དབང་དང་ཕུར་དབང་སྟོད་སྨད་ལས། གུ་རུ་དྲག་དམར་བྱིན་