R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༨༩
[A:༥༨༩]རླབས་ཐུགས་དབང་། བདེ་མཆོག་ནག་པོ་ལུགས། རྭ་ལུགས་འཇིགས་བྱེད་ལྷ་བཅུ་གསུམ་དང་རོ་ལང་བརྒྱད་སྐོར། གདུགས་དཀར་ཉེར་བདུན་མ། ཀུན་རིག་ཚེ་དཔག་མེད། ལྷ་དགུ་ནཱ་རོ་མཁའ་སྤྱོད་མ་སོགས་ཀྱི་དབང་དང་བྱིན་རླབས་སོགས་པའང་བསྩལ་ཞིང་གཞན་ཡང་སྒྲུབ་རྒྱ་རྒྱམ་དང་ཟུར་བཀའི་རྗེས་གནང་རིགས་ཤིན་ཏུ་མང་བ། འཇིགས་བྱེད་རྭ་ཁྲིད་སོགས་ཆོས་སྐོར་ཡོངས་རྫོགས་ནཱ་རོ་མཁའ་སྤྱོད་ཀྱི་ཁྲིད་སོགས་མཁའ་སྤྱོད་སྐོར་གསུམ་གྱི་ཆོས་སྐོར་ཡོངས་རྫོགས། གུར་ཞལ་རྣམས་སྲས་རྣམས་ཀྱི་ཆོས་སྐོར་ཡོངས་རྫོགས་ཐེངས་ཁ་རེ་བསྩལ་བའི་གསུང་ལས་སྐྱེས་པའི་སློབ་བུའི་ཚོགས་ཀྱང་སྐྱབས་མཆོག་རྡོ་རྗེ་རིན་ཆེན་བདག་ཆེན་བཀྲ་ཤིས་རིན་ཆེན། བདག་ཅག་གི་བླ་མ་གང་གི་རིགས་སྲས་གྲུབ་པའི་དབང་མོ་རྟ་མགྲིན་དབང་མོའམ་སྐལ་བཟང་ཆོས་ཀྱི་ཉི་མ། བདག་ཁྲི་ཀུན་དགའ་བསོད་ནམས་ཉིད་ཀྱི་རིགས་སྲས་རྣམས་དང་། སྙིགས་དུས་བསྟན་པའི་སྣང་བྱེད་མཚུངས་བྲལ་འཇམ་མགོན་མཁྱེན་བརྩེ་དབང་པོ་དང་། ན་ལེནྡྲ་པ་གཟིམ་འོག་སྤྲུལ་སྐུ་བསྟན་འཛིན་སྙན་གྲགས་སོགས་མང་ཙམ་གདན་ས་འདི་ཉིད་ཀྱི་མཁན་པོ་རྒྱ་དཔོན་ཆོས་ལས་པ་སོགས་བླ་མ་ལས་སྣེ་དང་གྲྭ་དམངས་ཕལ་ཆེ་བའི་རིགས་བདག་ཏུ་གྱུར་དུས་རྒྱུན་གྱི་ཉམས་བཞེས་ཀྱི་རིམ་པ་ཡང་ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་བཞེངས་ཏེ་ཚེ་སྒྲུབ་ཀྱི་རིགས་དང་དེ་ནས་ལམ་དུས་སོགས་དཔལ་ས་སྐྱའི་ཆག་མེད་རྣམ་བཞིར་གྲགས་པ་རྣམས་དང་། སིལ་གཏོར་བརྒྱ་རྩ་དང་དཀར་ཆ་བཞིར་རགས་པ་གང་རིགས། དགོང་མོ་གུར་དྲག་བྲག་རྫོང་མ་རྣམས་ཀྱི་ཉམས་བཞེས་ཕུར་ཆུང་གཏོར་བསྔོ་