[A:༥༤]ས་ལྔ་པས་མཛད་པའི་སྨན་བླའི་མདོ་ཆོག་ཡིད་བཞིན་དབང་རྒྱལ་གྱི་ལུང༌། ཀླུ་དབང་ལྷ་ལྔའི་རྗེས་གནང་དེའི་སྒྲུབ་སྐོར་རྒྱ་གཞུང་རྣམས་ཀྱི་ལུང༌། ཐུབ་དབང་གནས་བཅུའི་རྗེས་གནང་ལུང་བཅས། གང་བློ་མའི་རིག་གཏད། འཇམ་དཀར་མ་ཏི་ལུགས་ཀྱི་རྗེས་གནང་སྒྲུབ་སྐོར་ལུང་དང་བཅས་པ། འཇམ་དཔལ་ཤེས་རབ་འཁོར་ལོའི་རྗེས་གནང་སྒྲུབ་ལུང་བཅས། འཇམ་དབྱངས་སྨྲ་སེང་རྗེས་གནང་སྒྲུབ་སྐོར་ལུང་བཅས། འོད་ཟེར་ཅན་གཙོ་རྐྱང་གི་རྗེས་གནང་བོད་གཞུང་འགའ་ཞིག་གི་ལུང༌། རྨོར་ཆེན་གྱི་གདུགས་དཀར་བྱད་གྲོལ་ལུང༌། ལེགས་ལྡན་མཆེད་གསུམ་རྗེས་གནང༌། གཙུག་ཏོར་དྲི་མེད་ལྷ་ལྔའི་དབང༌། དེའི་མཆོད་རྟེན་འདེབས་ཆོག་དང༌། འོད་ཟེར་དྲི་མེད་ཀྱི་རྒྱལ་མཚན་འཛུགས་ཆོག་མཁྱེན་མཛད་རྣམས་ཀྱི་ལུང༌། གདུགས་དཀར་མདོས་ཆོག་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ཤཱཀྱ་དཔའ་བའི་དབང་ཆོག་དང་ལྷན་ཐབས་སོགས་ཁྱབ་བདག་ཞྭ་ལུས་པས་མཛད་པ། མཁན་ཆེན་ཞྭ་ལུ་པས་མཛད་པའི་གཙུག་ཏོར་དྲི་མེད་ཀྱི་སྒྲུབ་ཆོག གཙུག་ཏོར་དྲི་མེད་ལྷ་ལྔའི་དཀྱིལ་ཆོག དྲི་མེད་རྣམ་གཉིས་ཀྱི་སྲོག་ཤིང་འཛུགས་ཆོག་རྨོར་ཆེན་གྱིས་མཛད་པ། སཙྪའི་སྒྲུབ་དཀྱིལ་འབྲིང་པོའི་ཐིག་རྩ་གནས་གསར་རྗེ་ཉིད་ཀྱིས་མཛད་པ། གཙུག་ཏོར་དྲི་མེད་ཀྱི་གཟུངས་བཅས་ཀྱི་ལུང༌། གཙུག་ཏོར་རྣམ་རྒྱལ་ལྷ་དགུའི་རྗེས་གནང་དང༌། སྟོང་མཆོད་ལུང་བཅས། གཙུག་ཏོར་འབར་བ་དང༌། གཟའ་ཡུམ། བ་རི་ལུགས་རྣམ་འཇོམས། མི་གཡོ་བ་དཀར་སྔོན། དབྱངས་ཅན་དཀར་མོ། བྲམ་