R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༩༩
[A:༥༩༩]དཀར། རྣམ་རྒྱལ་ལྷ་དགུ། བཟའ་ཡུམ། སྣ་ཚོགས་ཡུམ། ཁྱུང་ཁྲ་ནག་བཅུ་གཅིག་ཞལ། གཙུག་འབར། ཕྱག་རྡོར། འཇམ་ནག་གནད་བཅུ་གཅིག་དང་བཅས་པ་འོད་ཟེར་ཅན། འབྱུང་འདུལ། རི་ཁྲོད་མ། མི་གཡོ་བ་དཀར་སྔོན། ཛམ་སེར་ནག ནོར་རྒྱུན་སེར་མོ་སོགས་མགོན་དཀར་སེང་གདོང་སྔོན་མོ་སོགས་ཀྱི་རྗེས་གནང་དང་། ཕུར་དབང་སྟོད་སྨད་གུར་དྲག་རྟ་མགྲིན་ཡང་གསང་གསང་སྒྲུབ། གསེར་ཆོས་བཅུ་གསུམ། གུར་མགོན་ཁྲོ་བཅུ་བཀའ་སྲུང་རྣམས་ཀྱི་རྗེས་གནང་ཡོངས་རྫོགས་གསན་ཅིང་། གཅེན་པོ་ཀུན་རིན་དྲུང་ནས་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཀྱི་དབང་རྗེས་གནང་ཉམས་ཁྲིད་ལུང་བཅས་ཆ་ཚང་། མགོན་པོའི་རྗེས་གནང་རིགས་གསང་ཁྲི་མེ་འབར་མའི་མགོན་པོད་རིགས་ཞལ་གྱི་ཆོས་སྐོར། རྣམ་སྲས་སྐོར། དུར་བདག་སྐོར། ཛམ་དམར་ནག་གསང་སྒྲུབ། སེང་སྒྲ། ཇོ་ལུགས་སྒྲོལ་མ་ཉེར་གཅིག་སོགས་གསན། རྗེ་བཙུན་གྲུབ་པའི་དབང་མོ་འཆི་མེད་བསྟན་པའི་ཉི་མའི་སྐུ་དྲུང་དུ། ནཱ་རོ་མཁའ་སྤྱོད་ཀྱི་ཆོས་སྐོར་མཁའ་སྤྱོད་སྐོར་གསུམ་གྱི་བྱིན་རླབས་ཉམས་ཁྲིད་ལུང་ལ་སོགས་པ་དང་ཀྱཻ་རྡོར་བཀའ་བབས་བཞི། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་སོགས་གསན། དཔོན་སློབ་ལྔ་རིག་ཀུན་བཀྲས་ནས་ལམ་འབྲས་གསང་ཆེན་སློབ་བཤད་ཆོས་སྐོར་ཆ་ལག་དང་བཅས་པ་དང་། པོད་དམར་སེར་པོད་ནག་སྲས་དོན་མ་སོགས་ལུང་རྣམས་དང་བཅས་པ་ཡོངས་རྫོགས་དམར་པོ་སྐོར་གསུམ། དམར་ཆུང་སྐོར་གསུམ་རྣམས་ཀྱི་ཆོས་སྐོར་སོགས་གསན། ཞེ་དགོན་མཁན་པོ་བསོད་ནམས་དབང་