R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༠༠
[A:༦༠༠]ཕྱུག་མདུན། བདེ་མཆོག་ལོ་ནག་དྲིལ་གསུམ་ལུང་དང་བཅས་པ་བདེ་མཆོག་བོང་ཞལ། གསང་འདུས་འཇམ་རྡོར་དང་སྤྱན་གཟིགས་རྣམས་ཀྱི་དབང་ལུང་སོགས་གསན། དགའ་ལྡན་དཔོན་སློབ་བསྟན་པའི་རྒྱལ་མཚན་མདུན་ནས་གསང་འདུས་འཕགས་ལུགས་ས་སྐྱ་བཀའ་འབུམ་ལུང་སོགས་གསན་ཡོད་དམ་སྙམ་ཞིང་། དཔོན་སློབ་ཤེས་རབ་འོད་ཟེར་དུ་གྲགས་པ་ལས་གུར་མགོན་ཁྲོ་བཅུའི་རྗེས་གནང་བྲག་རྫོང་མ་ཕྱི་ནང་གསང་གསུམ་ཉམས་ཁྲིད་ཞལ་ཤེས་དང་བཅས་པ་སོགས་དང་རྗེས་གནང་ཟུར་བཀའ་འགའ་ཞིག་བཅས་གསན་པ་དེ་དག་མིང་ཙམ་དུ་མི་འགྱུར་ཆེད། བསྒོམ་པས་ཐུགས་ཉམས་སུ་བཞེས་པའི་ཚུལ་ཡང་ཤྲཱི་ཧེ་བཛྲ་དང་། བཛྲ་ཀི་ལ་ཡ། གུར་གྱི་མགོན་པོ་རྣམས་ཀྱི་གཞིའི་བསྙེན་པ་སྦྱིན་སྲེག་དང་བཅས་པ་མཐར་ཕྱིན་པར་མཛད་པ་དང་། གཞན་ཡང་འབྱུང་པོ་འདུལ་བྱེད་ལ་སོགས་པ་ཡི་དམ་འགའ་ཞིག་གི་བསྙེན་སྒྲུབ་ཀྱང་མཛད་པ་སོགས་མཐའ་ཡས་ཤིང་། དེ་ལྟར་སྐབས་སུ་བབས་པ་ན་གདན་ས་འདི་ཉིད་ན་བཞུགས་པའི་རྡོ་རྗེ་ཕུར་པ་ལ་སོགས་པ་སྒྲུབ་མཆོད་རྣམས་ཀྱི་རྡོ་རྗེ་སློབ་དཔོན་མང་དུ་གནང་སྟེ། སྐལ་ལྡན་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་ཅིང་། གཞན་ཡང་གདན་ས་འདི་ཉིད་ཀྱི་ཕྱག་ལེན་ཕུར་སྒྲུབ་སྐབས་དགེ་འདུན་རྣམས་གདུགས་ཚོད་གསོལ་རིང་སྔོན་བྱོན་དམ་པ་གོང་མའི་གསུང་རབ་ལེགས་བཤད་ཀྱི་སྐྱེས་འབུལ་བར་བཤད་ལས་པར་གྲགས་པ་དང་། དེ་ནས་རིམ་བཞིན་རྡོ་རྗེ་ཕུར་པ་ཆོས་སྐྱོང་གུར་ཞལ་སོགས་ཀྱི་མདོས་གཏོར་འཕེན་གནང་གིས་བསྟན་དགྲ་གདུག་པ་ཅན་རྣམས་སྐད་ཅིག་གིས་