R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༩༨
[A:༥༩༨]གཞུང་དང་ཆོས་སྤྱོད་རབ་གསལ་བརྒྱུད་འདེབས་ཆེན་མོའི་ཆོས་སྤྱོད་རིགས་དང་བདེ་ཀྱཻ་གསང་གསུམ་འཇིགས་བྱེད་ནཱ་རོ་མཁའ་སྤྱོད་བདག་མེད་མ། རྡོ་རྗེ་ཕུར་པ། ཆོས་སྐྱོང་གུར་ཞལ་དང་བཅས་པའི་མངོན་རྟོགས་དཀྱིལ་ཆོག་གཏོར་བསྔོ་བསྐང་བ་གཏོར་བཟློག་རྣམས་ཀྱི་ཆོག་གཞུང་རྣམས་རེ་རེ་བཞིན་ཡབ་རྗེ་རྡོ་རྗེ་འཆང་དང་བདག་ཁྲི་གཅེན་པོ་པདྨ་བདུད་འདུལ་དབང་ཕྱུག་སོགས་ཀྱི་སྐུ་མདུན་དུ་རེ་རེ་བཞིན་རྒྱུགས་འབུལ་མཛད་ཐོག ཆོ་ག་ཕྱག་ལེན་དབྱངས་རོལ་གར་འཆམ་ཕྱག་རྒྱ་བཅའ་ཚུལ་ཚུན་ཆད་ལ་ཆིག་རྐྱ་འཕེར་བར་མཛད། རྒྱུད་སྒྲུབ་མཆོད་དུས་གཏོར་རྣམས་དང་གཏོར་བཟློག་ཁག་བཅས་ཀྱི་ཚོགས་དབུར་ཕེབས་ཏེ། རང་གཞན་ཐམས་ཅད་དང་བ་འདྲེན་པར་མཛད་དེ་ཀུན་གྱིས་འཇམ་དཔལ་གཞོན་ནུ་དངོས་ཀྱི་འདུ་ཤེས་བསྐྱེད་པར་བྱུང་ཞིང་ཡབ་རྗེ་རྡོ་རྗེ་འཆང་ལས་སྔ་ཕྱིར་དབང་ལུང་མདོར་བསྡུས་གསན་ཚུལ་གོང་གཅེན་པོ་ཡབ་རྗེ་སྐུ་མཆེད་དང་འདྲ་འམ་སྙམ་ཞིང་། གཞན་ཡང་གཅེན་པོ་སྐུ་མཆེད་སོགས་སྐྱེས་ཆེན་དམ་པ་རྣམས་ལས་དབང་རྗེས་གནང་ཉམས་ཁྲིད་ལུང་ལ་སོགས་པ་སྔ་ཕྱིར་གསན་པ་རྣམས་སྡེབ་གཅིག་ཏུ་བརྗོད་ན། ཐོག་མར་ཇོ་ལགས་གཅེན་པོ་པདྨ་བདུད་འདུལ་དབང་ཕྱུག་གམ་མཐུ་སྟོབས་བསྟན་འཛིན་བཟང་པོའི་དྲུང་ནས། སྔ་ཕྱིར་ལམ་འབྲས་ཚོགས་བཤད་ཆ་ལག་དང་བཅས་པ། ལམ་སྐོར་ཕྱི་མ་བརྒྱད་པོད་དམར་སེར་གྱི་ལུང་དང་བཅས་པ། རྗེས་གནང་སྤྱི་བཀའ་བ་རི་བརྒྱ་རྩའམ་སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་རྗེས་གནང་ཟུར་དཀའ་འཇམ་དབྱངས་དམར་སེར། སྨྲ་སེང་། འཇམ་