[A:༥༥]ཟེ་ཕུར་བུ། ས་མནྟ་ཤྲིའི་ལུགས་གཉིས། ཡང་བོ་དོང་པའི་ལུགས་རྣམས་ཀྱི་རྗེས་གནང༌། རྒྱ་བོད་ཀྱི་གཞུང་རྣམས་ཀྱི་ལུང༌། འོད་ཟེར་དྲི་མེད་ལྷ་བཅུ་བདུན་གྱི་དབང༌། དེའི་ལྷན་ཐབས་ཁ་སྐོང་སོགས་མཁན་ཆེན་ཞྭ་ལུ་པས་མཛད་པ་རྣམས་ཀྱི་ལུང༌། བཀའ་གདམས་ལྷ་བཞིའི་རྗེས་གནང་ཁྲིད་ལུང་དང་བཅས། ཕྱག་རྡོར་གོས་སྔོན་ཅན། ཕྱག་རྡོར་ཨུ་ཙྱ། གཏུམ་པོ་ཁྱུང་ལྔ། སྨེ་བརྩེགས་ལྗང་དུད། ཁྲོ་མོ་སྨེ་བརྩེགས་རྣམས་ཀྱི་རྗེས་གནང་དང་སྒྲུབ་སྐོར་ལུང༌། ཛཱེ་ཏ་རི་ལུགས་ཚེ་དཔག་ལྷ་དགུའི་དབང༌། ཨ་མེས་ཞབས་ཀྱི་སྒྲུབ་དཀྱིལ་དབང་གི་མཚམས་སྦྱོར་གྱི་ལུང༌། གྲུབ་ཆེན་མི་ཏྲ་ལུགས་ཀྱི་ཚེ་དཔག་མེད་དཀར་པོའི་རྗེས་གནང༌། ལུས་སྲུང་བའི་མན་ངག་གི་ལུང༌། དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་ལྷ་ལྔ་དང་གཙོ་རྐྱང་ཇོ་ལུགས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ལུང་བཅས་དང༌། རྨོར་མཛད་སྒྲོལ་ཆོག ཇག་ཆིང་ར་རུ་མའི་ལུང༌། སྒྲོལ་དཀར་འོད་ཟེར་དྲུག་བསྒྲགས་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ། དེའི་སྒྲུབ་སྐོར་རྒྱ་བོད་ཀྱི་གཞུང་གི་ལུང༌། སྒྲོལ་མའི་མན་ངག་རྨི་ལམ་བརྟག་པ་ལྷ་མོ་ཤྲ་མ་ནའི་སྒྲུབ་ལུང་རྒྱའི་ཁྲིད་བཅས། སྒྲོལ་དཀར་བཀའ་བབས་དགུ་ལྡན་གྱི་རྗེས་གནང་ངོར་མཛད་ཡིག་སྐོར་སོགས་ཀྱི་ལུང༌། གཉན་སྒྲོལ་ཡན་ལག་དྲུག་པ། རྟ་ནག་ལྕགས་རལ་ཅན། རྟ་མགྲིན་ཤྭ་ན་བཞི་སྐོར། རྟ་མགྲིན་ཁྱུང་གཤོག་ཅན། རྟ་མགྲིན་པད་དབྱུག་ཅན། རི་ཁྲོད་མ་སེར་མོ། ཛམ་སེར་ནག་ཛཱེ་ལུགས་ཛམ་དཀར་རྣམས་ཀྱི་རྗེས་གནང་དང༌། སྒྲུབ་ལུང་བཅས། རྣམ་སྲས་ཞི་