R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༠༨
[A:༦༠༨]ཐར་རྣམས་དང་། བིར་སྲུང་ལམ་ཟབ་ཕྱི་ནང་སོགས་བྱིན་རླབས་རིགས་དང་། ངག་ཆོས་ཨ་མེས་ཞབས་ཀྱི་གསུང་ངག་སྐོར་ཕལ་ཆེར་པོད་སེར་གྱི་ལུང་སོགས་དང་། ཚེ་དབང་གྲུབ་རྒྱལ། ལྕགས་སྡོང་མ། ཚེ་རྟ་ཟུང་འབྲེལ། མདའ་འཕེལ་མ། སྒྲ་མི་སྙན་རྣམས་ཀྱི་ཚེ་དབང་ཕུར་དབང་སྟོད་སྨད་བདེ་མཆོག་ནག་པོ་ལུགས་གུར་མགོན་བཀའ་བབས་བཞི་རྟ་མགྲིན་ཡང་གསང་རྣམས་ཀྱི་དབང་ཆེན། སྨན་བླ་མཆེད་བདུན། སྨེ་བརྩེགས་ལྗང་དུད། སོ་འབྲེང་དཀར་མོ། དབྱངས་ཅན་དཀར་མོ། བཀའ་གདམས་ལྷ་བཞི། མི་གཡོ་དཀར་པོ་རྣམས་ཀྱི་རྗེས་གནང་། ཚ་ལུགས་སྒྲོལ་དཀར་གྱི་རྗེས་གནང་ཁྲིད་ལུང་། རྡོ་རྗེ་འཇིགས་བྱེད། གུར་ཞལ་གཉིས་དམར་པོ་སྐོར་གསུམ། རྣམ་སྲས་རྣམས་ཀྱི་ཆོས་སྐོར། དབང་བྱིན་རླབས་རྗེས་གནང་ཁྲིད་ལུང་བཅས་ཆ་ཚང་གཞུང་པོད་རྣམས་ཀྱི་ལུང་དང་སྔགས་འཆང་ཡིག་སྟེང་ནས་གུར་ལྷ་བརྒྱད། ཞལ་བཞི་སྙན་དུས། དམག་ཟོར་མ། དུར་བདག པུ་ཏྲའི་ཟུར་བཀའ་དང་། མིང་སྲིང་གསུམ། བྲན་བདུད། དཀར་བདུད་རྣམས་ཀྱི་རྗེས་གནང་། ལྷ་ཆེན་ཆོས་སྤྱོད་རབ་གསལ། བརྒྱུད་འདེབས་རྡོ་རྗེ་ཕུར་པའི་སྒྲུབ་དཀྱིལ་རྒྱས་པ་དང་བསྡུས་པ་ཕུར་ཆུང་དུ་གྲགས་པ། གཏོར་བསྔོ་ཆེན་མོའི་བསྐང་བ། འགོ་ལུགས་སྟོད་སོགས་ཀྱི་ལུང་། ཕུར་བཟློག་དང་དྲུག་ཅུ་མའི་ལུང་སོགས་ངོར་ཆེན་བཀའ་འབུམ་པོད་བཞིའི་ལུང་། བྱང་གཏེར་བྱིན་རླབས་ཐུགས་དབང་ཀློང་ཆེན་སྙིང་ཐིག་ཆོས་སྐོར་པོད་དང་། སེང་གདོང་ཉེར་ལྔའི་ལུང་སོགས་གསན། དབོན་ངག་དབང་ཀུན་དགའ་རྒྱལ་མཚན་ལས་ལམ་འབྲས་སློབ་བཤད་ཆ་ལག་བཅས་ཆ་ཚང་པོད་སེར་པོད་