R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༠༩
[A:༦༠༩]དམར་པོད་ནག་མ། ལམ་བསྐོར་ཕྱི་མ་བརྒྱད་སོགས་ཀྱི་ལུང་། བྱ་རྒྱུད་ཚེ་དཔག་མེད་ལྷ་དགུ་གསང་འདུས་རིགས་གསུམ། བདེ་མཆོག་ལོ་དྲིལ་གཉིས། དྲིལ་བུ་ལུས་དཀྱིལ། བདེ་མཆོག་བོང་ཞལ་རྣམས་ཀྱི་དབང་ཆེན་གཏུམ་མོ་ཁྱུང་ལྔ། འོད་ཟེར་ཅན་མ་གཙོ་རྐྱང་། གཙུག་འབར། ཕྱག་རྡོར། ཨུ་རྩ། སེང་གདོང་ནགས་སྒྲོལ། རྟ་མགྲིན་ཟླ་རྒྱལ་ལུགས། ཇོ་ལུགས་ཛམ་དཀར་ལུགས་ཀྱི་རྗེས་གནང་སྒྲུབ་ལུང་། ཁྱུང་ཁྲ་ནག་གི་རྗེས་གནང་སྒྲུབ་སྐོར་ལུང་། འཇམ་དཔལ་དཀར་པོའི་རྗེས་གནང་སྒྲུབ་སྐོར་ལུང་བཅས་གསེར་ཆོས་བཅུ་གསུམ་ནང་ཚན་མཁའ་སྤྱོད་སྐོར་གསུམ་གྱི་བྱིན་རླབས་ནཱ་རོ་མཁའ་སྤྱོད་མའི་ཁྲིད་སོགས་ཆོས་སྐོར་ཆ་ཚང་གཞུང་པོད་ལུང་མགོན་པོ་བྲག་རྫོང་ཕྱི་ནང་གསང་གསུམ་ཉམས་ཁྲིད་དང་། མགོན་པོད་མེ་འབར་མའི་ལུང་། ཁྱུང་དམར་རྗེས་གནང་སྒྲུབ་ལུང་། ཁྱུང་ཁྲའི་རྗེས་གནང་ཐུན་མིན་གཉིས། བེག་རྩེ་འཁོར་མང་དང་། ལྕམ་སྲིང་གཉིས་ཀྱི་རྗེས་གནང་། བེག་པོད་ལུང་། དུར་བདག་པོད་ལུང་། ཕྱག་རྡོར་ཁང་རྩེགས་དང་ཞང་བློན་རྗེས་གནང་། ཇོ་ལུགས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་། ཀླུ་དབང་ལྷ་ལྔ། ཁྱུང་ཁྲ། འཇམ་དཀར། མི་གཡོ་བ། སྒྲོལ་དཀར་རྣམས་ཀྱི་ལུང། རྩི་དམར་སྲོག་གཏད་སོགས་གསན། རྗེ་བཙུན་རྨོལ་དྲུང་འཆི་མེད་བསྟན་པའི་ཉི་མའི་དྲུང་ཚེ་སྒྲུབ་ཀྱི་གདམས་པ་ཐུན་མོང་མ་ཡིན་པ། གྲུབ་རྒྱལ་གླིང་པ་པད་རྒྱལ་གྱི་དོན་དུ་སྔགས་འཆང་ཆེན་པོས་ཡི་གེར་བཀོད་པའི་སྒོམ་ལུང་འཇམ་དབྱངས་དམར་སེར། འཇམ་ནག་གང་བློ་མ། འབྱུང་འདུལ། ཁྲོ་མོ་སྨེ་བརྩེགས། བཅུ་གཅིག་ཞལ་གཙོ་འཁོར་ལྔ། རི་ཁྲོད་མ་སེར་མོ་རྣམས་ཀྱི་རྗེས་གནང་།